དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་8ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“ཁུལ་བཞི”སྐྲུན་པར་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་རྒྱུན་མཐུད་བཏང་བ་དང་། གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་མཐོ་རུ་རྒྱུན་མཐུད་བཏང་བ། སྡོད་ཁང་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་རིམ་བཞིན་བཏང་བ། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་སྤུས་འབྲས་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་རེད།

    ལོ་ལྔའི་རིང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་རྒྱུན་མཐུད་བཏང་བ་དང་། ལས་རིགས་ཁག་གི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་བ། ས་ཁོངས་ཧྲིལ་པོར“འབྱུང་རྩ་ནས་རིགས་དབྱེ་དང་། ས་ཁོངས་ལ་སྤྱི་འདོམས། མེར་བསྲེགས་སྔོན་འཇོག འཛུགས་སྐྲུན་དང་དོ་དམ་གཞི་གཅིག་ཅན”བཅས་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་བྱེད་སྟངས་ཁྱབ་གདལ་བཏང་བ། གྲོང་ཁྱེར་དང་རྫོང་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད་99.12%ཟིན་ཡོད། ལྗང་མདོག་འཛུགས་སྐྲུན་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བས་ལྗང་མདོག་འཛུགས་སྐྲུན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་རྒྱག་ཨར་སྐྲུན་བསྡུར་ཚད་ཀྱི་100%ཟིན་ཡོད།

    ལོ་ལྔའི་རིང་། མཚོ་སྔོན་གྱིས་གྲོང་ཁྱེར་གྱི་གནས་འཕྲོད་ཆུ་ཚད་མཐོ་རུ་ཆེས་ཆེར་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་17.4ལ་སྒྱུར་བཀོད་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་ཁྲི་1.15ལ་སྒྱུར་བཀོད་བྱས་པ། གློག་སྐས་500གསར་དུ་སྣོན་པ། གློག་སྐས་409གསར་སྒྱུར་བྱས་པ་བཅས་ལས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྲི་50ཙམ་གྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ཡོད། གཞི་གཅིག་ཅན་གྱི་སྒོ་ནས་གྲོང་ཁྱེར་ལ་བརྟག་དཔྱད་དང་གསར་བརྗེ་བྱེད་པར་སྐུལ་འདེད་རྒྱུན་འཁྱོངས་བཏང་སྟེ་གྲོང་ཁྱེར་ལ་བརྟག་དཔྱད་ཐེངས་གསུམ་བྱས་ཤིང་།  རིམ་རྩིས་བརྒྱབ་ན་སྡོད་ཁང་སྟར་པ་ཁྲི་1.2དང་། ཁུལ་ཆུང་2607 སྡེ་ཁུལ་169 ཁྲོམ་གཞུང་45བཅས་ལ་བརྟག་དཔྱད་བྱས་ཏེ། གྲོང་འཛུགས་གྲོང་ཁྱེར་7ཚང་མར་ཁྱབ་ཐུབ་པ་བྱུང་བ་དང་ཆབས་ཅིག ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཁུལ་ཆུང་རྙིང་པ་1600ལྷག་ཙམ་ལ་བསྒྱུར་བཀོད་བྱས་པ་མ་ཟད། ཟི་ལིང་གི་ཞ་ནན་ཀོན་སོགས་ཁྲོམ་གཞུང་རྙིང་པ་ཁག་གཅིག་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་ནས་ཁྲོམ་གཞུང་རྙིང་པའི་གསོན་ཤུགས་འཕེལ་བར་བྱས་ཡོད།

    ལོ་ལྔའི་རིང་། མཚོ་སྔོན་གྱིས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་ཐོག་ནས་འཛུགས་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2905.86ཟིན་པ་དང་། འཛུགས་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1623.53ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་8%ཡན་རྒྱུན་འཁྱོངས་ཐུབ་པ་དང་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཀྱི་གནས་བབ་རྒྱུན་མཐུད་བརྟན་པོ་བྱུང་ཡོད། ཞིང་ཆེན་དེ་གའི་འཛུགས་སྐྲུན་ལས་རིགས་ཀྱི་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱས་ཤིང་། དམིགས་བསལ་རིམ་པའི་འཛུགས་སྐྲུན་ལས་རིགས་ཀྱི་ཁེ་ལས་2དང་རིམ་པ་དང་པོའི་འཛུགས་སྐྲུན་ལས་རིགས་ཀྱི་ཁེ་ལས་3འཕེལ་རྒྱས་བཏང་བ་དང་། ཞིང་ཆེན་ཡོངས་སུ་འཛུགས་སྐྲུན་ལས་རིགས་ཀྱི་ཁེ་ལས་2612ཟིན་པ། འཛུགས་སྐྲུན་ལས་རིགས་ཀྱི་ཁྲོམ་རའི་བྱེད་པོའི་གཞི་ཁྱོན་རྒྱུན་མཐུད་འཕར་བ་དང་ཁེ་ལས་ཧྲིལ་པོའི་འགྲན་རྩོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་སྨི་ངོས་གྲུ་ཁྲི་167ལས་འགོ་བཙུགས་པ། རྒྱལ་ཁབ་རིམ་པའི་ཐོན་ལས་རྟེན་གཞི་1དང་ཞིང་ཆེན་རིམ་པའི་ཐོན་སྐྱེད་རྟེན་གཞི་3སྐྱེད་སྲིང་བྱས་པ། ཞིང་ཆེན་རིམ་པའི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་དཔེ་སྟོན་རྣམ་གྲངས་6ལ་ཞིབ་དཔྱད་གཏན་འཁེལ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།