དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-13

    འདི་ནི་ཟླ་1ཚེས་10ཉིན། ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་པོའོ་ཤིང་རྫོང་སྤྱི་བདེ་ཅུས་ཀྱི“མི་དམངས་ཉེན་རྟོག་པ་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་མཛད་སྒོའི”ཐོག ན་གཞོན་མི་དམངས་ཉེན་རྟོག་པས་རྒན་ཡོལ་ཞུས་པའི་མི་དམངས་ཉེན་རྟོག་པར་མེ་ཏོག་སོས་པ་འབུལ་བཞིན་པ།

    འདི་ནི་ཟླ་1ཚེས་10ཉིན། ཐེན་ཅིན་གྲོང་ཁྱེར་པིན་ཧའེ་རིག་གནས་ལྟེ་གནས་སུ་བྱིས་པ་ཞིག་གིས་ཉེན་རྟོག་པའི་སྦག་སྦག་ལ་མྱོང་རོལ་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། 2026ལོའི་ཟླ་1ཚེས་10ཉིན་ནི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པ་ཡིན་པ་དང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་དར་ཆ་སྒྲེང་བ་དང་། ཉེན་རྟོག་པའི་གླུ་གཏོང་བ། ཉེན་རྟོག་པར་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱེད་པ། ཉེན་རྟོག་སྒར་སའི་སྒོ་འབྱེད་ཉིན་མོ་སྒྲིག་འཛུགས་བྱེད་པ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

    ཉིན་ཤས་བསྟུད་མར། སྤྱི་བདེ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། དམིགས་བསལ་ལེ་ཚན་བཏོན་པ། མཉམ་འདྲེས་སྨྱན་སྦྱོར་སྒྲིག་འཛུགས་བྱས་ནས་ཐད་གཏོང་བྱེད་པ་སོགས་བརྒྱུད། མི་དམངས་མང་ཚོགས་ལ་ལོ་གཅིག་རིང་སྤྱི་བདེའི་ལས་དོན་དང་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཐོབ་པའི་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་སྙན་སེང་ཞུས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་སྐྱིད་དང་ལྷིང་འཇགས་སྲུང་སྐྱོང་བྱེད་པར་འགན་འཁྲི་གསར་པ་ཁུར་བ་དང་ལེགས་སྐྱེས་གསར་པ་ཕུལ་བ་མངོན་པར་བྱས་ཡོད།

    ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་བབ་དང་བསྟུན་ནས་མི་དམངས་ཉེན་རྟོག་པ་དང་ཉེ་བཅར་དང་། མང་ཚོགས་དང་ཉེ་བཅར། སྣ་མང་ཕུན་སུམ་ཚོགས་པ་བཅས་ཀྱི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཡོད། ཐེན་ཅིན་དང་། ཧྲང་ཧའེ། ཀྲེ་ཅང་། ཅང་ཤིས། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། པེ་ཅིང་དང་། ཧྲན་ཏུང་། ཧུའུ་པེ་སོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་སྡུད་བཅར་འདྲི་དང་སྨྱན་སྦྱོར་གསར་པའི་ཐད་གཏོང་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤྱི་བདེའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་མངོན་པ་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་བསམ་པའི་ཉམས་འགྱུར་བཟང་པོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་སྤྱི་བདེ་ལས་ཁུངས། འགག་སྒོའི་ལྐོག་འདྲེན་འཛིན་བཟུང་སྡེ་ཚན། གནས་སྤོས་ཡུལ་མིའི་དོ་དམ་ལས་ཁུངས་བཅས་ཀྱིས་ཉེན་རྟོག་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་ཉེན་རྟོག་པའི་དུས་ཆེན་ལ་རྣམ་པ་ཟབ་མོ་བཏོད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།