སྡེ་ཚན་གཉིས་ཀྱིས་བསམ་འཆར་བཀྲམ་དོན།
2030ལོར“ནུབ་གློག་ཤར་འདྲེན”གྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་4.2ལྷག་ཙམ་ཟིན་རྒྱུ་ཡིན་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་མཉམ་དུ《གློག་དྲའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》བཀྲམ་སྟེ། 2030ལོར་སླེབས་སྐབས། གློག་དྲ་གཙོ་བོ་དང་ལྷན་སྦྱར་གློག་དྲ་རྨང་གཞི་གལ་ཆེན་དུ་བྱེད་པ་དང་རིག་ནུས་གློག་དྲ་ཆུང་ངུ་ཁ་གསབ་ནུས་ལྡན་དུ་བྱེད་པའི་གློག་དྲའི་ལས་སྟེགས་གསར་པ་སྤྱིའི་ཆ་ནས་བསྐྲུན་ཟིན་རྒྱུ་དང་། གློག་དྲའི་ཐོན་ཁུངས་ལེགས་སྒྱུར་གྱི་སྒྲིག་བཀོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཏེ། “ནུབ་གློག་ཤར་འདྲེན”གྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་4.2ལྷག་ཙམ་ཟིན་ནས། ཞིང་ཆེན་དབར་གྱི་གློག་ཤུགས་གསབ་རེས་ནུས་པ་ཆན་ཝ་ཁྲི་4000ཡས་མས་མང་དུ་འགྲོ་རྒྱུ་དང་། ནུས་རྒྱུ་གསར་པའི་གློག་གཏོང་ཚད་ལ་འདེགས་སྐྱོར་བྱེད་པའི་བསྡུར་ཚད་30%ཡས་མས་བཟུང་བ། གློག་གསོག་རྨང་གཞིའི་སྒྲིག་བཀོད་ཁྲི་4000ལྷག་ཙམ་ལ་འདེགས་སྐྱོར་བྱེད་ཐུབ་ཅེས་ཁ་གསལ་བཏོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་གློག་དྲ་གོ་ལ་ཧྲིལ་པོའི་གློག་གཏོང་ནུས་པ་ཆེ་ཤོས་དང་། འཁོར་སྐྱོད་གློག་གནོན་གྱི་རིམ་པ་མཐོ་ཤོས། ནུས་རྒྱུ་གསར་པའི་དྲ་སྦྲེལ་གྱི་གཞི་ཁྱོན་ཆེ་ཤོས། བདེ་འཇགས་འཁོར་སྐྱོད་ཀྱི་ཟིན་ཐོ་རིང་ཤོས་བཅས་ཀྱི་གློག་དྲ་ཆེ་ཤོས་སུ་གྱུར་ཡོད། རྒྱལ་ཡོངས་ཀྱི“ནུབ་གློག་ཤར་འདྲེན”ཐུབ་ནུས་ཆན་ཝ་དུང་ཕྱུར་3.4ཟིན་པ་དེ་2025ལོའི་རང་རྒྱལ་གྱི་གློག་སྤྱོད་ཐེག་ཚད་ཆེ་ཤོས་ཀྱི་23%ཙམ་བཟུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།