དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕ་རི་སི་གྲོང་ཁྱེར་དུ“མེ་ཏོག་ལྡུམ་རའི་འགྲོ་ལམ”མང་དུ་གཏོང་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཧྲེང་ཁའེ་ཡོན།   |     སྤེལ་དུས།  2026-01-13

    འདི་ནི་ཕ་རི་སིའི་ཁུལ་བཅུ་གཉིས་པའི་ཡཱ་ཁེ·དབྱིན་ལའེ་ལེ་ཁྲོམ་ཁུལ་གྱི“མེ་ཏོག་ལྡུམ་རའི་འགྲོ་ལམ”གྱི་ཟུར་ཞིག་ཡིན་པ།

    2026ལོའི་ལོ་གསར་པ་ཤར་བ་དང་བསྟུན་ནས་ཧྥ་རན་སེའི་ཕ་རི་སིའི་ཡེ་ཤུའི་རྒྱལ་ཡུམ་ལྷ་ཁང་མཐའ་འཁོར་གྱི་སྔོ་འགྱུར་ལས་གྲྭ་དེ་དུས་འགོའི་སྐུལ་འདེད་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པ་རེད། ཕ་རི་སིའི་ཁྲོམ་གཞུང་གི་སྔོ་འགྱུར་རྐང་ཐང་ལམ་སྒྱུར་བཀོད་འཆར་འགོད་ཁྲོད་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཡིན་པའི་ལས་གྲྭ་དེར་སྔོན་རྩིས་བརྒྱབ་ན། ཡོ་རོབ་སྒོར་མོ་ཁྲི་5000བཏང་སྟེ་ཡེ་ཤུའི་རྒྱལ་ཡུམ་ལྷ་ཁང་གི་གཙོ་གནད་ཉམས་གསོའི་མྱུར་ཚད་དང་བསྟུན་ནས་དུས་མཚམས་དབྱེ་སྟེ་ལག་བསྟར་བྱ་རྒྱུ་ཡིན་པ་དེ་ལས་ལོ་རྒྱུས་ཀྱི་སྙིང་དོན་མངོན་པ་མ་ཟད། སྐྱེ་ཁམས་དྲོད་གཅོག་དང་ཡུལ་སྐོར་བར་སྣེ་ལེན་བྱེད་ནུས་ཀྱང་ཆེ་རུ་འགྲོ་རྒྱུ་རེད།

    འཆར་འགོད་ལྟར་ན། ཕ་རི་སི་གྲོང་ཁྱེར་སྲིད་གཞུང་གིས་འབྱུང་འགྱུར་ལོ་འགའི་རིང་གཏན་འཁེལ་བའི་སྒྱུར་བཀོད་ཁྲོམ་གཞུང་གི་མིང་ཐོ་རེ་རེ་བཞིན་ཡོངས་བསྒྲགས་བྱ་རྒྱུ་རེད། དེ་གོང་ཡོངས་བསྒྲགས་བྱས་པའི་ཕ་རི་སིའི་ཞེ་ཧོ་ཐང་ཆེན་སྒྱུར་བཀོད་ཇུས་གཞིའི་ནང་རླངས་འཁོར་གྱི་སྐོར་ལམ་ཆེ་གྲས་དེ“མེ་ཏོག་ལྡུམ་རའི་ཐང་ཆེན”དུ་ཕྱོགས་སྒྱུར་བྱས་རྗེས་སྔོན་དཔག་བྱས་ན་ས་ངོས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་8.5ཙམ་ཆག་རྒྱུ་རེད། ལས་གྲྭ་དེར་ཚོད་དཔག་བྱས་ན་ཡོ་རོབ་སྒོར་མོ་ཁྲི་3600ནས་ཁྲི་3800བར་གཏོང་རྒྱུ་ཡིན་པ་དང་ལོ་གསུམ་ནང་ལེགས་སྒྲུབ་བྱ་རྩིས་ཡོད་པ་རེད།

    མིག་སྔར་ཕ་རི་སི་གྲོང་ཁྱེར་གྱིས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་མང་པོ་གདན་དྲངས་ཏེ་གནའ་ཤུལ་སྲུང་སྐྱོང་དང་གྲོང་ཁྱེར་གྱི་ལྗང་མདོག་དེང་རབས་ཅན་དང་མཉམ་འདྲེས་བྱེད་པའི་ཐབས་ལམ་ཐད་བགྲོ་གླེང་བྱས་པ་རེད། ཕ་རི་སི་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཕཱ་ཐེ་ལི་ཁེ·པུ་ལུའོ་ཧྲི་ཡིས“འདས་ཟིན་པའི་ལོ་25ཡི་རིང་ང་ཚོས་འགྲོ་མི་དང་དལ་བགྲོད་འགྲིམ་འགྲུལ་ཆེད་སྤྱི་པའི་བར་མཐོངས་ཆེ་རུ་བཏང་བ་དང ‘མེ་ཏོག་ལྡུམ་རའི་འགྲོ་ལམ’དེ་ནི་སྡེ་ཁུལ་དུ་གྲོང་ཁྱེར་གྱི་ལྗང་མདོག་ལྟེ་བ་བསྐྲུན་ཆེད་དུ་ཡིན”ཞེས་བརྗོད་པ་རེད།

    (འདི་ག་ཚགས་པར་ཁང་དུ་ཕ་རི་སི་ནས་ཟླ་1ཚེས་6ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།