དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐན་ཙན་ནི་ཡའི་སང་ཅི་པར་གྱི་ཙུང་ཐུང་གིས་བསྟན་དོན།

    ཀྲུང་གོའི་ཁེ་ལས་རྣམ་གྲངས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-13

    ཚེས་6ཉིན། ཏ་རེ་སི་ས་ལམ་ནས་གནས་ཚུལ་སྤེལ་བར། ཐན་ཙན་ནི་ཡའི་སང་ཅི་པར་གྱི་ཙུང་ཐུང་མུའུ་ཝེ་ཉི་ཡིས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་རྒྱལ་ཁབ་དེ་གའི་རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བདེ་བླག་ངང་བཏང་བས་སང་ཅི་པར་གྱི་འགྲིམ་འགྲུལ་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད་ཅེས་བརྗོད་པ་རེད།

    མུའུ་ཝེ་ཉི་ཡིས་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཨ་ཧྥེ་རི་ཁ་ཤར་མ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་སང་ཅི་པར་གྱི་སྣོལ་ཟམ་དང་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་སྐབས་གོང་གསལ་གྱི་སྐད་ཆ་བརྗོད་པ་རེད།

    མུའུ་ཝེ་ཉི་ཡིས་ལས་གྲྭ་དེ་དང་ཉེ་ཆར་རྩིག་རྨང་བཏིང་བའི་སང་ཅི་པར་ལྷོ་རྒྱུད་ཀྱི་མཚོ་ཆུ་བྲུབས་རླབས་འགྲོ་ལམ་རྣམ་གྲངས་ཀྱིས་གྲོང་ཁྱེར་གྱི་གཟུགས་བརྙན་དང་དམངས་འཚོ་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་རྣམ་གྲངས་ལག་ལེན་བསྟར་བ་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པས། དེས་སང་ཅི་པར་གྱི་ཡུལ་སྐོར་ལས་རིགས་དང་ཚོང་དོན་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ནས་ས་གནས་དེ་གའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བར་རམ་འདེགས་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།