དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲང་ཧྲ)ལོ་5བསྟུད་མར་གཏོང་ཐེངས་སྟོང་གི་འགག་སྒོ་ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-13

    ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱས་པར། 2025ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲང་ཧྲ)གཏོང་ཐེངས་1037ཟིན་ནས་ལོ་5བསྟུད་མར་མེ་འཁོར་གཏོང་ཐེངས་སྟོང་གི་འགག་སྒོ་ལས་བརྒལ་བ་དང་། ད་བར་ཁྱོན་མེ་འཁོར་གཏོང་ཐེངས་6500ལས་བརྒལ་ཡོད་པ་རེད།

    2025ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲང་ཧྲ)གྱིས་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་85072ཟིན་པ་དེའི་དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར་23ལས་བརྒལ་བ་དང་། དེའི་ནང་ཕྱིར་གཏོང་དུས་གཏན་མེ་འཁོར་681དང་ནང་འདྲེན་དུས་གཏན་མེ་འཁོར་356ཡོད་པས་གཞི་ཁྱོན་དང་བགྲོད་ལམ་ཕན་འབྲས་མུ་མཐུད་ཆེ་རུ་ཕྱིན་ཡོད། རྒྱུན་རྣམ་ཅན་གྱི“ལམ་ཐིག་རྩེ་གྲ”12ཀྱིས་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་30ཙམ་དང་གྲོང་ཁྱེར་100ལྷག་ཙམ་ལ་ཁྱབ་སྟེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཟོག་འགྲུལ་གྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།

    2025ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་ཀྱི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བཤུག་བྱེད་ཆོག་པའི་དངོས་ཟོག་དཔང་འཛིན་སྤྱི་ཆིངས》གཞིར་བྱས་པའི་མཉམ་འདྲེན་སྣ་མང་གི“འཛིན་རྐྱང་ལམ་ལུགས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བཤུག་ཆོག་པའི་དངོས་ཟོག་དཔང་འཛིན་ཐོག་མ་དེ་ཀྲུང་ཡོའི་དུས་གཏན་མེ་འཁོར་(ཁྲང་ཧྲ)གྱིས་བདེ་བླག་ངང་སྤྱད་དེ། སྲོལ་རྒྱུན་གྱི་ལྕགས་ལམ་སྐྱེལ་འདྲེན་ཐོ་ལ་དངོས་དབང་དཔང་འཛིན་མེད་པའི་ལས་རིགས་ཀྱི་དཀའ་གནད་ཐག་གཅོད་ཐུབ་ཡོད། ཁྲང་ཧྲ་གྲོང་ཁྱེར་ཟོག་འགྲུལ་འགག་སྒོ་གཞུང་དོན་ཁང་གིས་ཤིང་ཧྲ་འགག་སྒོ་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།