དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་བསྟན་དོན།

    ​ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-13

    ཉེ་ཆར། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ལི་མིང་གིས་དུས་ཚིགས་བཞི་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྱུང་འགྱུར་ལོ་ལྔའི་རིང་རྒྱལ་ཁབ་མཉམ་འབྲེལ་ཧྲུའུ་ཡིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་གསོ་སྦྱོང་རྣམ་གྲངས་དུས་ཐེངས་200སྤེལ་ནས་ལྷོ་བྱང་གི་གྲངས་འཛིན་གྱི་ཧེ་བག་སེལ་རྒྱུར་རམ་འདེགས་བྱས་ཏེ། ཚན་རྩལ་གྲུབ་འབྲས་དང་ལག་རྩལ་བཀོལ་སྤྱོད་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་དེ་བས་ཡག་པོ་དང་མང་པོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ལི་མིང་གིས། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་སྒྲོམ་གཞིའི་འོག“གྲངས་འཛིན་ལྷོ་ཕྱོགས”ཀྱི་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རོགས་ཟླའི་རྒྱལ་ཁབ་དང་གྲོས་མོལ་བྱས་ནས་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཁ་ཕྱོགས་གཏན་འཁེལ་བྱེད་པ། རོགས་ཟླའི་རྒྱལ་ཁབ་ཀྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པར་སྔར་བས་ཤུགས་སྣོན་རྒྱག་པ། གྲངས་འཛིན་ལག་རྩལ་གྱིས་ཞིང་ལས་ཐོན་འཕར་དང་། སློབ་གསོའི་ཀུན་ཕན། གནོད་འཚེའི་སྔོན་བརྡ་སོགས་ཁྱབ་ཁོངས་ལ་མཐུན་རྐྱེན་སྦྱོར་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་བརྟན་པོའི་ངང་གོ་ལ་ཧྲིལ་པོའི་གྲངས་འཛིན་འཕེལ་རྒྱས་ཀྱི་རྣམ་པ་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།