དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་2025ལོའི་རིག་གནས་དམངས་ཕན་འདུ་འགོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

    མི་ཐེངས་ཁྲི་1600ལྷག་ཙམ་གྱིས་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་མཉམ་སྤྱོད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-13

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོར། རང་སྐྱོང་ལྗོངས་ཀྱིས་རིག་གནས་དམངས་ཕན་འདུ་འགོད་དང་གཞི་རིམ་རིག་གནས་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་སྤེལ་བས་ལྗོངས་ཡོངས་ཀྱི་མི་ཐེངས་ཁྲི་1600ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ལྗོངས་ཡོངས་ཀྱི་དཔེ་མཛོད་ཁང་གིས་ཀློག་པ་པོ་མི་ཐེངས་ཁྲི་52ཙམ་ལ་སྣེ་ལེན་ཞུས་པ་དང་དཔེ་དེབ་གཡར་ཚད་ཁྲི་11ཟིན་ཡོད། “སྐལ་བཟང་མེ་ཏོག”འཁྲབ་སྟོན་དུས་ཚིགས་དང་། “ང་ཚོའི་དུས་ཆེན”དང“དུས་བཞིའི་གྲོང་ཚོའི་དགོང་ཚོགས”“རིག་གནས་མཐའ་མཚམས་སུ་སྤེལ་བ”སོགས་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་ཐེངས་ཁྲི་10ལྷག་སྤེལ་ཏེ། མང་ཚོགས་ཀྱི་རིག་གནས་བྱེད་སྒོར་ཞུགས་སྣང་དང་ཐོབ་སྣང་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་པ་རེད།

    གཞི་རིམ་གྱི་རིག་གནས་གཡུལ་ས་མུ་མཐུད་དུ་བརྟན་དུ་ཕྱིན་ཡོད། ཕུལ་བྱུང་རིག་གནས་ཐོན་ཁུངས་གྲོང་གསེབ་དང་མཐའ་མཚམས་ས་ཁུལ་དུ་ཁྱབ་པར་སྐུལ་འདེད་བཏང་ཞིང་། རྫོང་དང་ཆུས་རིམ་པའི་སྤྱི་པའི་དཔེ་མཛོད་ཁང་9ཡི་སྤྱི་ཁྱབ་ཡན་ལག་ཁང་ལམ་ལུགས་འཛུགས་སྐྱོང་དང་མཐའ་མཚམས་ཤང་དང་གྲོང་རྡལ་གྱི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་6གི་ཚོད་ལྟའི་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་ནས། མང་ཚོགས་ལ་སྤུས་ཚད་མཐོ་བའི་རིག་གནས་ཞབས་འདེགས་ཞུས་པ་རེད།

    རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས། བྱེད་ཐབས་འདི་དག་གིས་རིག་གནས་ཞབས་ཞུ་དངོས་འབྲེལ“རྩ་བ་ཚུགས”ཐུབ་པས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། རིག་གནས་ཀྱི་མོས་སེམས་དང་སྤྱི་ཚོགས་གོང་བུར་འགྲིལ་ཤུགས་ཀྱང་ཆེ་རུ་ཕྱིན་ནས། བོད་ཀྱི་རིག་གནས་དམངས་ཕན་དང་གཞི་རིམ་འཛུགས་སྐྱོང་གི་ཕན་འབྲས་དངོས་མཚོན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།