དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐབས་བཞི་པའི“ཨེ་ཙེའི་ཤེས་བྱ་ཁྱབ་གདལ་བྱ་སྤྱོད་མཉམ་དུ་སྤེལ། ཨེ་ཙེའི་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཉམ་ཐག་བྱིས་པར་ཐུགས་ཁུར་དང་རོགས་སྐྱོབ་ཀྱི་རྣམ་གྲངས”འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-13

    ཉེ་ཆར། སྐབས་བཞི་པའི“ཨེ་ཙེའི་ཤེས་བྱ་ཁྱབ་གདལ་བྱ་སྤྱོད་མཉམ་དུ་སྤེལ། ཨེ་ཙེའི་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཉམ་ཐག་བྱིས་པར་ཐུགས་ཁུར་དང་རོགས་སྐྱོབ་བྱེད་པའི་རྣམ་གྲངས”ཀྱི་འགོ་ཚུགས་མཛད་སྒོ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཐོག་ནས་བོད་ལྗོངས་ཨེ་ཙེའི་ནད་འགོག་བཅོས་མཐུན་ཚོགས་ཀྱི་ཚོགས་ཁང་དུ་གཉེར་བ་རེད།

    བྱེད་སྒོ་དེ་ཧྲང་ཧའེ་པའེ་སི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཡོངས་ཁྱབ་སློབ་གསོའི་ཆེད་དོན་ཐེབས་རྩ་དང་བོད་ལྗོངས་ཨེ་ཙེའི་ནད་འགོག་བཅོས་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། 2022ལོར། རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཚུན། ཐེབས་རྩ་དེས་ལོ་3བསྟུད་མར་བོད་ལ་ལོ་ལྟར་སྒོར་ཁྲི་10ཞལ་འདེབས་ཕུལ་ཡོད།

    མཛད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་ཨེ་ཙེའི་ནད་འགོག་བཅོས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཞལ་འདེབས་དངུལ་བེད་སྤྱོད་གསལ་ཞིབ་དང་དེ་བཞིན་རོགས་སྐྱོར་ཐོབ་མཁན་ཁྱིམ་ཚང་གི་འཚོ་བ་ལེགས་སུ་ཕྱིན་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཧྲང་ཧའེ་པའེ་སི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དང་དྲུང་ཆེ་གཞོན་པ་ཝང་དབྱན་གྱིས། ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་གྱི་རྒྱབ་སྐྱོར་རྒྱུན་མཐུད་བྱེད་པའི་རྨང་གཞིའི་ཐོག་རོགས་སྐྱོར་ཐོབ་མཁན་ཁྱིམ་ཚང་གི་དངོས་པོ་དང་སེམས་ཁམས་ཀྱི་དགོས་མཁོར་སྔར་བས་དོ་ཁུར་བྱས་ཏེ། དུས་བཀག་ལྟར་འབྲེལ་གཏུག་བྱས་པ་བརྒྱུད་རྣམ་གྲངས་ཀྱི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་གི་ཡིན། སྤྱི་ཚོགས་ལས་རིགས་ཁག་གིས་ཨེ་ཙེའི་ནད་ཀྱི་ཤུགས་རྐྱེན་ཕོག་པའི་གཞོན་ནུ་ལོ་ཆུང་ཚོགས་སྤྱིར་དོ་ཁུར་བྱ་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།