དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱིས་བུ་གསོའི་ཁ་གསབ་སྲིད་ཇུས་ལག་ལེན་བརྟན་པོ་བསྟར་བ།

    རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་ཁྲི་5296ལྷག་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-13

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་12ཚེས་18ཉིན་ལྷ་ས་གྲོང་ཁྱེར་བུ་གསོའི་ཁ་གསབ་རེ་ཞུའི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་ཚུན། ཞིབ་དཔྱད་ཐུབ་པའི་ཁྱིམ་ཚང་42786ཡོད་ཅིང་། རིམ་རྩིས་བརྒྱབ་ན། ཁ་གསབ་མ་དངུལ་སྒོར་ཁྲི་5296ལྷག་ཙམ་སྤྲད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བུ་གསོའི་ཁ་གསབ་སྲིད་ཇུས་ཀྱི་ཁྱད་ཆོས་གཙོ་བོ་ནི“ཁྱོན་ཡོངས་ལ་ཁྱབ་པ་དང་ཆ་སྙོམས་ཅན”ཡོང་བ་བྱ་རྒྱུ་དེ་རེད། སྲིད་ཇུས་དེ་བུ་བཙའི་སྲིད་ཇུས་དང་འཚམ་པའི་ལོ་3མན་གྱི་བྱིས་པ་དང་ཕྲུ་གུ་དམར་འབྱར་ཚང་མར་དམིགས་ནས་བཏོན་པ་ཞིག་ཡིན་པས་གྲོང་ཁྱེར་དང་གྲོང་གསེབ་དང་། མི་རིགས། ས་ཁོངས་བཅས་ཀྱི་དབྱེ་བ་མེད་ལ། ཕྲུ་གུ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དབྱེ་བའང་མེད་པར་གོང་གསལ་ཁྱིམ་ཚང་ཚང་མས་ལོངས་སུ་སྤྱོད་ཆོག་གི་ཡོད། ཁ་གསབ་ཀྱི་ཚད་གཞི་ལོ་ལྟར་ཕྲུ་གུ་རེར་སྒོར་3600སྤྲོད་རྒྱུ་དང་བྱིས་པ་དང་ཕྲུ་གུ་དམར་འབྱར་ལོ་3མན་བར་སྤྲོད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མང་ཚོགས་ཀྱི་རེ་ཞུ་བྱེད་བདེར་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་བུ་གསོའི་ཁ་གསབ་རེ་ཞུའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ཞིང་། 2025ལོར་རེ་ཞུ་བྱས་ཟིན་པ་དང་ཁྱིམ་ཚང་གི་ཆ་འཕྲིན་ལ་འགྱུར་བ་མེད་ཚེ་ལོ་གསར་པར་མུ་མཐུད་ལེན་ཆོག་པ་དང་། ཆ་འཕྲིན་ལ་འགྱུར་བ་བྱུང་རིགས་ཀྱིས་འབྲེལ་ཡོད་ཀྱི་ནང་དོན་བཟོ་བཅོས་བརྒྱབ་ན་འགྲིག་གི་ཡོད། ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་གིས“གཏོང་སྤྲོད་འབོའི”APPའམ་ཡང་ན“བོད་རང་སྐྱོང་ལྗོངས་སྲིད་དོན་ཞབས་ཞུའི་ལས་སྟེགས”བརྒྱུད་དྲ་ཐོག་ནས་རེ་ཞུ་བྱས་ཏེ་ལེན་ཆོག་པ་མ་ཟད། དྲ་ཕྱི་ནས་ཀྱང་རེ་ཞུ་བྱེད་ཆོག་པས་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།