ས་བབ་སྨི་4513གྱི་སར་འབད་འབུངས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་བྲག་ལྟར་བརྟན་པ།
མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ལྷ་ས་སྤྱི་བདེ་ཁྲུའུ་ནག་ཆུ་འབབ་ཚུགས་ཀྱི་མངགས་གཏོང་ཁང་གི་སྐོར་བཀོད་པ།
མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ལྷ་ས་སྤྱི་བདེ་ཁྲུའུ་ནག་ཆུ་འབབ་ཚུགས་ཀྱི་མངག་གཏོང་ཁང་ནི་རྒྱལ་ཡོངས་ནས་ས་བབ་མཐོ་ཤོས་ཀྱི་མེ་འཁོར་འབབ་ཚུགས་ཀྱི་མངགས་གཏོང་ཁང་ཞིག་ཡིན་པ་དང་དེ་གར་ས་བབ་སྨི་4513ཡོད་ཅིང་། དེའི་ཁོངས་སུ་འདམ་གཞུང་དང་ཨ་མདོའི་ཉེན་དོན་ཁུལ་གཉིས་བཙུགས་ནས་མཚོ་བོད་ལྕགས་ལམ་ནས་བོད་དུ་ཡོང་བའི་བྱང་སྒོ་ཆེན་པོ་སྲུང་བཞིན་ཡོད། 2009ལོར་མངགས་གཏོང་ཁང་བཙུགས་ཚུན་ནག་ཆུ་འབབ་ཚུགས་མངག་གཏོང་ཁང་གི་ལྕགས་ལམ་མི་དམངས་ཉེན་རྟོག་པས་བྲག་ལྟར་བརྟན་པའི་སྙིང་སྟོབས་ཀྱི་ཐོག་ནས་འཛམ་གླིང་ཡང་རྩེར་བདེ་འཇགས་སྲུང་བཅད་ཅིག་བསྐྲུན་ཡོད།
སྙིང་སྟོབས་ཀྱི་དཔལ་འབར་མཚམས་མེད་ངང་བརྒྱུད་སྤྲོད་བྱེད་པ།
“‘ས་བབ་4513གྱི་སར་སྙིང་སྟོབས་བྲག་ལྟར་བརྟན’ཞེས་པ་ནི་ལས་གནས་ཐོག་སྐུ་གཤེགས་པའི་ངེད་ཚོའི་དེ་སྔའི་སུའོ་ཀྲང་ཐེན་ཧྥུང་གི་གདམས་ངག་རེད”ཅེས་ཐེན་ཧྥུང་གི་སྐོར་གླེང་སྐབས་ནག་ཆུ་འབབ་ཚུགས་ཀྱི་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཧོའུ་ཀོང་ཡུས་ཀྱིས་མཆི་མ་གཏོང་བཞིན་དུ“གདམས་ངག་དེ་ནི་ས་བབ་ཀྱི་ཚད་ཤིང་ཡིན་ལ་བསམ་འདུན་གྱི་ཚད་ཤིང་ཞིག་དེ་བས་ཀྱང་ཡིན་པས། ངེད་ཚོའི་མངག་གཏོང་ཁང་ཡོངས་ཀྱི་སྙིང་སྟོབས་ཀྱི་དར་ཆ་ལྟ་བུར་གྱུར་ཡོད”ཅེས་བཤད།
ཐེན་ཧྥུང་ནི་1970ལོར་ཧྲན་ཏུང་ཞིང་ཆེན་ཐེ་ཨན་གྲོང་ཁྱེར་དུ་སྐྱེས་པ་དང་། 2008ལོར་ཁོང་གིས་རང་འགུལ་ངང་ས་མཐོའི་དཀའ་ཚེགས་ཆེ་བའི་ལས་གནས་སུ་འགྲོ་རྒྱུའི་རེ་ཞུ་ཕུལ། དེ་རྗེས་ཀྱི་ལོ་4ཡི་རིང་ཁོང་གིས་རིམ་རྩིས་བརྒྱབ་ན་སྤྱི་ལེ་10950ཟིན་པའི་ལམ་ཐིག་ཏུ་སྐོར་གཡེང་བྱས་ནས་དཔུང་ཁག་གི་སྣེ་ཁྲིད་དེ། ཁོངས་གཏོགས་ཁུལ་དུ་འཁོར་རིགས་ཀྱི་བདེ་འཇགས་གྱོད་གཞི་ཚབས་ཆེན་ཐོན་མེད་པའི་དམིགས་ཚད་མངོན་འགྱུར་བྱས་པ་དང་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་བཞི་ཐོབ་པ་རེད། 2012ལོའི་ཟླ་10པར་ཐེན་ཧྥུང་ལ་གློ་བུར་དུ་ས་མཐོའི་ནད་ཕོག་ནས་གྲོངས་པ་དང་སྐབས་དེ་དུས་ཁོང་ལོ་42ལས་སླེབས་ཀྱི་མེད་ཅིང་། “རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང”གི་མཚན་སྙན་རྗེས་སྤྲོད་བྱས་པ་རེད།
2017ལོར་ཐེན་ཧྥུང་གི་བུ་མོ་ཐེན་ཅིན་གྱིས་ཨ་མའི་ཁ་ཏ་ལ་མ་ཉན་པར་སེམས་ཐག་ཆོད་པོས་ནག་ཆུར་ལས་ཀ་བྱེད་པར་ཡོང་བ་དང་། ཁོང་གིས་རང་ཉིད་ཀྱི་ཕ་འདས་པོས་བསྐྱོད་མྱོང་བའི་ལམ་བུ་བརྒྱུད་ཁོང་གི་རྐང་རྗེས་འཚོལ་བཞིན། ཕས་ཐོག་མཐའ་བར་གསུམ་དུ་འགྲུབ་འདོད་ཀྱང་འགྲུབ་ཁོམ་མ་བྱུང་བའི་འགན་འཁྲི་ལེགས་གྲུབ་བྱེད་ཀྱི་ཡིན་ཞེས་བཤད།
དཔའ་བོ་དཔེ་བཟང་གི་རྐང་རྗེས་སྙེག་པ་དང་དཔའ་བོ་དཔེ་བཟང་འདས་པོའི་འདུན་པ་རྒྱུན་སྐྱོང་བའི་སྙིང་སྟོབས་ཇི་ཙམ་བརྒྱུད་སྤྲོད་བྱས་པ་དེ་ཙམ་གྱིས་ངར་སེམས་འཕེལ་བཞིན་ཡོད།
ཧོའུ་ཀོང་ཡུས་ཀྱིས“ངལ་བ་ཆེན་པོས་མནར་རིམ་བཞིན་སྔོན་བྱོན་པ་ཚོ་སེམས་ལ་འཁོར་ན་ད་དུང་སྙིང་རུས་བྱེད་ཐུབ་སྙམ་གྱི་འདུག”ཅེས་བཤད།
ཁ་བ་བུ་ཡུག་འཚུབ་པའི་ཁྲོད་དུས་བདེའི“ལམ་རྟགས”འགྱིང་ངེར་གནས་པ།
ནག་ཆུའི་དགུན་དུས་སུ་རྟག་ཏུ་དྲོད་ཚད་ཀླད་ཀོར་འོག་གི་20℃ལྷག་ཙམ་དུ་ཆག་པ་དང་ལམ་ཐིག་ཏུ་ཉེན་ཁ་ངེས་མེད་ངང་ཐོན་གྱི་ཡོད། ད་ལོའི་ཟླ་1ཚེས་2ཉིན་གྱི་དགོང་མོའི་ཆུ་ཚོད་10པ་ཙམ་དུ་སུའོ་ཀྲང་གཞོན་པ་ཝང་ཧའེ་ཤིན་ཉལ་མ་ཐག“རི་སྐྱེས་སྲོག་ཆགས་ཤིག་ལམ་སྐྱོར་ནས་དོན་ཏེ་ལམ་ཐིག་ཏུ་སླེབས་འདུག”ཅེས་པའི་ཉེན་ཁ་ཐོན་པའི་བརྡ་ཐོ་ཞིག་འབྱོར།
“མེ་འཁོར་དང་རི་སྐྱེས་སྲོག་ཆགས་རྡུང་ཁ་ཐེབས་ཚེ་ཆུང་ས་ནས་མེ་འཁོར་དུས་འགྱངས་བཟོ་བ་དང་ཆེ་ས་ནས་མེ་འཁོར་ནང་གི་འགྲུལ་པའི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་ལ་རི་སྐྱེས་སྲོག་ཆགས་ལའང་ཉེན་ཁ་འཕྲད་སྲིད”དེས་ན་ཝང་ཧའེ་ཤིན་གྱིས་དེ་མུར་མི་དམངས་ཉེན་རྟོག་པ་ཚེ་དབང་ནོར་བུ་ཁྲིད་དེ་རླངས་འཁོར་བཏང་ནས་གྲང་ངར་ཁྲོད་ཕྱིར་ཐོན་པ་དང་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ས་གནས་ས་ཐོག་ཏུ་འབྱོར་ནས་ལམ་སྐྱོང་རུ་མི་དང་བདག་སྐྱོང་ཀུང་སིའི་ལས་དོན་པ་དང་མཉམ་དུ་ལྡིར་སོ་སྤྲོས་ཆས་ནང་འཚོལ་བ་དང་ས་གནས་ས་ཐོག་ཏུ་གྲལ་བཤེར་བྱས། ཁོང་གིས“ང་ཚོས་རི་སྐྱེས་སྲོག་ཆགས་ཐོན་ཡུལ་གྱི་སྤྱི་ལེ་5ཡི་ཁྱབ་ཁོངས་སུ་ཆུ་ཚོད་གཉིས་ཏག་ཏིག་བཙལ་བ་ཡིན”ཞེས་བཤད་པ་དང་། ལམ་ཐིག་གི་ཉེན་ཚུལ་ཐག་གཅོད་ཟིན་དུས་ཐོ་རེངས་ཆུ་ཚོད་གསུམ་པ་ཙམ་ཟིན་ཡོད།
གནས་ཚུལ་དེ་ལྟ་བུ་ནི་ནག་ཆུ་འབབ་ཚུགས་ཀྱི་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ངོས་ནས་བཤད་ན་དམིགས་བསལ་ཞིག་མིན་ཞིང་། ཁང་དེ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་25ཡིས་ཨ་མདོ་དང་། ནག་ཆུ། འདམ་གཞུང་བཅས་གསུམ་གྱི་མེ་འཁོར་འབབ་ཚུགས་དང་སྤྱི་ལེ་411གྱི་ལྕགས་ལམ་ལམ་ཐིག་དོ་དམ་བྱས་ནས་ཉིན་ལྟར་མེ་འཁོར་ཐེངས་13ནས་15བར་བདེ་འཇགས་ངང་སྲུང་སྐྱེལ་བྱེད་ཀྱི་ཡོད།
སེམས་རྩ་འཁོལ་བའི་ཞབས་ཞུས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།
རང་བྱུང་ཁོར་ཡུག་ཧ་ཅང་ཞན་པོའི་ཁྲོད་མི་དམངས་ཉེན་རྟོག་པས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་རྒྱུ་དེ་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྟོབས་ཤུགས་སུ་འགྱུར་ཡོད།
གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ་མི་དམངས་ཉེན་རྟོག་པས་འབྲས་དང་། གྲོ་ཞིབ། སྣུམ་སོགས་དངོས་རྫས་འཁྱེར་ནས་སླར་ཡང་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གྱི་ལོ་83ལ་སླེབས་པའི་རྒད་མོ་མཁའ་འགྲོའི་ཁྱིམ་དུ་བསྐྱོད་ཅིང་། རྒད་མོས་གཉེན་ཉེ་ཐུག་པ་ལྟར་མི་དམངས་ཉེན་རྟོག་པའི་ལག་ནས་དམ་པོར་བཟུང་། མངག་གཏོང་ཁང་དེ་བཙུགས་པ་ནས་བཟུང་རོགས་སྐྱོར་བྱེད་མཚམས་ཆད་མྱོང་མེད་པ་དང་ལོ་ལྟར་དུས་སྟོན་གལ་ཆེན་སྐབས་སུ་མི་དམངས་ཉེན་རྟོག་པས་རང་འགུལ་ངང་དཀའ་ངལ་ཡོད་པའི་འབྲོག་དུད་དང་དཀའ་ངལ་ཡོད་པའི་སློབ་མ་སོགས་ཀྱི་ཚོགས་སྤྱིར་འཚམས་འདྲི་བྱེད་ཀྱི་ཡོད།
མེ་འཁོར་འབབ་ཚུགས་སུ་དྲོ་སྐྱིད་ལྡན་པའི་རྣམ་པ་རྟག་ཏུ་མཐོང་རྒྱུ་ཡོད་ཅིང་། ཟླ་1ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་50ཡི་ཐོག་མེ་འཁོར་དུས་ཐེངས་Z265དལ་བུའི་ངང་ནག་ཆུ་འབབ་ཚུགས་སུ་འབྱོར་བ་དང་། མི་དམངས་ཉེན་རྟོག་པས་མི་ཚོགས་ཁྲོད་ཕར་འགྲོ་ཚུར་འོང་བྱས་ནས་ཕྲུ་གུ་ཁྲིད་རོགས་དང་རྡོག་ཁྲེས་མང་བའི་འགྲུལ་པར་རང་འགུལ་ངང་འཁྱེར་རོགས་བྱེད་པ། ངང་རྒྱུད་རིང་པོས་ལམ་སྟོན་པ་སོགས་བྱེད་ཀྱི་ཡོད། ཧོའུ་ཀོང་ཡུས་ཀྱིས“ཡུལ་སྐོར་བའི་རེ་ཞུར་ང་ཚོས་འཕྲལ་མ་ཉིད་དུ་ཨ་ལན་སློག་གི་ཡོད”ཅེས་བཤད།
དུས་རབས་གསར་པར་ལས་འགན་གསར་པ་ཡོད་ཅིང་། མིག་སྔར་ནག་ཆུ་འབབ་ཚུགས་ཀྱི་མངག་གཏོང་ཁང་གིས“ས་བབ་སྨི་4513གྱི་སར་སྙིང་སྟོབས་བྲག་ལྟར་བརྟན”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཧུར་ཐག་བཏོད་དེ་ཏང་ཡོན་དཔེ་སྟོན་ལས་གནས་དང“སྤྲིན་ཚོམ་ཏང་འཛུགས་སྐྱོང”སོགས་ལམ་སྲོལ་བརྒྱུད་དཔུང་ཁག་གི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། དཔའ་བོ་དཔེ་བཟང་གི་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱས་ཐོག་འབྲོག་དུད་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པ་དང་ཆུ་ཚོད་24རིང་གི་དམངས་ཕན་ཞབས་ཞུ་སོགས་སྒྲུབ་བཞིན་ཡོད།
“བོད་དང་མེས་རྒྱལ་ས་གནས་ཁག་འབྲེལ་མཐུད་ཐུབ་པའི་སྲོག་རྩ་དེ་སྲུང་རྒྱུ་བྱུང་བས་ང་ལ་གཟི་བརྗིད་ཆེན་པོའི་ཚོར་སྣང་འདུག” མི་དམངས་ཉེན་རྟོག་པ་ཚེ་དབང་ནོར་བུས་ཁྲེང་ཏུའུ་ནས་ཕ་ཡུལ་བོད་དུ་ལས་སྒྱུར་བྱ་རྒྱུའི་རེ་ཞུ་ཕུལ་བ་དང་མ་གཞི་གཟུགས་པོ་མི་འཕྲོད་པའི་ཚོར་སྣང་ཡོད་རུང་མཉམ་སྡེབ་ཀྱི་སྙིང་སྟོབས་ལས་ཁོང་ལ་བཟང་ནུས་ཤིག་ཐོབ།
ས་མཐོའི་ཡང་རྩེར་གནས་པའི་ནག་ཆུ་འབབ་ཚུགས་ཀྱི་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉིན་གཅིག་ལྟར་བརྟན་སྲུང་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་ངར་ལྕགས་འཁོར་ལམ་བཞིན་ཕུགས་འདུན་དང་རེ་བ་རེ་རེ་བཞིན་འགྲུབ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།