དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཉིང་ཞའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་ཐན་ཙན་ནི་ཡས་སློབ་སྦྱོང་བྱེད་རིན་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-12

    འདི་ནི་ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་ཧྲ་པོ་ཐའོ་ཆུས་ཀྱི་ཧེ་ཧྲན་ཞའི་རྨ་ཆུའི་ཟམ་ཆེན་ཡིན་པ།

    ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱིས་མི་རྣམས་ལ་བཞག་པའི་བག་ཆགས་གཏིང་ཟབ་ཤོས་ཀྱི་གྲས་ཤིག་ནི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་རེད། ས་ཁུལ་དེར་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་བསྐྲུན་པ་ལས། ཀྲུང་གོའི་རྒྱལ་ནང་གི་ས་ཁུལ་གཞན་དག་དང་འཛམ་གླིང་ས་གནས་ཁག་དང་ནུས་ཆེའི་སྒོ་ནས་སྦྲེལ་མཐུད་ནུས་ལྡན་ཐུབ་ཡོད། དེའི་གྲས་སུ་ཉིང་ཞ་དང་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་གཙོ་བོ་སྦྲེལ་མཐུད་བྱེད་པའི་དབྱིན་ཁྲོན་ཧོ་ཏུང་རྒྱལ་སྤྱིའི་གནམ་ཐང་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར། དེ་བཞིན་ཐེན་ཅིན་གྲུ་ཁ་བརྒྱུད་རྒྱལ་མཚམས་ནས་སྒྲོལ་བའི་མཚོ་ཐོག་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་དུས་གཏན་མེ་འཁོར་བཅས་ཚུད་ཡོད།

    ཕན་ནུས་ཆེ་བའི་འགྲིམ་འགྲུལ་མ་ལག་འདིས་ཉིང་ཞ་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དེས་ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱུང་བ་མ་ཟད། ད་དུང་མ་དངུལ་འབོར་ཆེན་འགུགས་འདྲེན་ཐུབ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད། ཉིང་ཞའི་འཕེལ་རྒྱས་ཀྱི་ཉམས་མྱོང་མངོན་གསལ་དོད་པ་སྟེ། འཐུས་སྒོ་ཚང་ལ་སྤྱི་ལ་ཕན་པའི་འགྲིམ་འགྲུལ་དྲ་བ་ནི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་རེད་ལ། རྒྱུན་མཐུད་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་ནུས་ཆེའི་དབུལ་པོ་ཉུང་གཏོང་མངོན་འགྱུར་བྱེད་པའི་རྨང་གཞི་དེ་བས་ཀྱང་རེད། ཐན་ཙན་ནི་ཡ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། ཉམས་མྱོང་དེ་དག་གིས་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཕན་ཚུན་འབྲེལ་མཐུད་ཁྱབ་ཁོངས་བརྒྱུད་འཐབ་ཇུས་མ་འཇོག་བྱས་ན་དཔལ་འབྱོར་ཕྱོགས་སྒྱུར་མངོན་འགྱུར་ཐུབ་པ་མ་ཟད་དམངས་འཚོ་ཡང་ལེགས་སུ་འགྲོ་རྒྱུ་རེད།

    —— ཐན་ཙན་ནི་ཡ《ཉིན་རེའི་གསར་འགྱུར》གྱི་ཉིན་རེའི་ཚགས་པར་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།