དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀོང་ཀྲོའུ་ནན་ཧྲ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་གཙོ་བོ་ནས་ལོ་གསར་པར་མཚོ་གྲུ་ཐེངས་དང་པོ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-12

    ཀོང་ཀྲོའུ་ཡིས་ཡུལ་སྐོར་མཚོ་གྲུའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས་ལོ་10འཁོར་བ་དང་། ཨེ་ཤེ་ཡའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་སྐོར་མཚོ་གྲུའི་ཕྱོགས་བསྡུས་གྲུ་ཁ་གཙོ་བོའི་གྲས་ཤིག་ཡིན་པའི་ནན་ཧྲ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་གཙོ་བོས་མཐའ་མཚམས་ཞིབ་བཤེར་གྱི་རྒྱབ་སྐྱོར་འོག“མཆན་འགོད་མི་དགོས་པ་བཞི་དང་རྟགས་བཤེར་འགག་སྒྲོལ”གྱི་བྱ་ཐབས་གསར་གཏོད་ལག་བསྟར་བྱས་པ་དང་འབྲེལ། རྒྱལ་ཡོངས་སུ“གདོང་བཤེར་ཤར་བགྲོད”དང“རྟགས་བཤེར་འགག་སྒྲོལ”སོགས་ཀྱི་གསར་གཏོད་ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་ཐོག་མར་བཏོན་ཡོད། 2016ལོ་ཚུན། ཡུལ་སྐོར་མཚོ་གྲུ་ཐེངས་500ཙམ་དང་འགྲུལ་པ་མི་ཐེངས་ཁྲི་200ཙམ་བདེ་འཇགས་ངང་འགག་སྒོ་སྒྲོལ་བའི་འགན་ལེན་ཐུབ་ནས“ནོར་འཛོལ་དང་། ལས་འཛོལ། ཞུ་གཏུག་བཅས་གཅིག་ཀྱང་མེད་པ”བྱུང་ཡོད་པ་རེད། ཟླ་1ཚེས་3ཉིན། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་མང་པོ་དང་། ཀྲུང་གོའི་ཤང་ཀང་དང་ཨའོ་མོན། ཐའེ་དབན་བཅས་དང་། དེ་བཞིན་ཨ་རི་དང་། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན་སོགས་རྒྱལ་ཁབ་ནས་ཡོང་བའི་འགྲུལ་པ་1500གྲུ་ཁར“ཨའེ་ཏཱ·ས་དབུས་རྒྱ་མཚོ”རྟགས་ཅན་གྱི་ཡུལ་སྐོར་གྲུ་གཟིངས་ལ་བསྡད་དེ་ཉིན་5དང་མཚན་མོ་4ཡི་ཡུལ་སྐོར་བྱེད་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།