ཨར་ཅི་རི་ཡའི་གཞོན་ནུ་5ལ“ཀྲུང་ཨར་གྱི་གཞོན་ནུའི་རིག་གནས་ཕོ་ཉའི”མཚན་སྙན་ཐོབ་པ།
“རིག་གནས་སྤེལ་རེས་ལས་རྒྱལ་ཁབ་གཉིས་དབར་དམངས་སེམས་གཅིག་སྦྲེལ་གྱི་ཟམ་པ་བསྐྲུན་པ”
“ཀྲུང་ཨར་གྱི་རིག་གནས་ཕོ་ཉ་གཞོན་ནུ་འཚོལ་བའི”མཐའ་འདེམས་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཉིན་ཤས་གོང་ཨར་ཅི་རི་ཡའི་རྒྱལ་ས་ཨར་ཅི་སིར་འཚོགས་ཤིང་། ཀྲུང་ཨར་མཉམ་ལས་གླེང་སྟེགས་ཀྱི“ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད”ཁྲོད་ཀྱི“གཞོན་ནུ་ཤེས་ལྡན་པ་སྐྱེད་སྲིང་བྱེད་པར་མཉམ་དུ་བྱ་སྤྱོད་སྤེལ་བའི”སྐོར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པའི་ངོས་ནས། བྱེད་སྒོ་དེས་གཞོན་ནུའི་མཐོང་ཟུར་ནས་ཀྲུང་ཨར་གཉིས་ཀྱི་མཉམ་ལས་གཏམ་རྒྱུད་བཤད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་བརྩེ་དང་ཕན་ཚུན་བསམ་ཤེས་ཐུབ་ཚད་ཟབ་ཏུ་བཏང་ཡོད་པ་རེད།
ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པས་གཙོ་གཉེར་བྱས་པ་ཞིག་རེད། ཨར་ཅི་རི་ཡའི་གཞོན་ནུ་ཚོས་བརྙན་ཐུང་སོགས་སྨྱན་སྦྱོར་གསར་པའི་རྣམ་པའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཨར་དབར་གྱི་མཛའ་གྲོགས་འགྲོ་འོང་གི་གཏམ་རྒྱུད་གསོན་ཉམས་དོད་པོས་བཤད་པ་དང་། བྱེད་སྒོ་གཙོ་གཉེར་ཕྱོགས་ལ་ཁྱོན་འགྲན་ཞུགས་བརྩམས་ཆོས་165འབྱོར་པ་ལས་འདེམས་སྒྲུག་ཐེངས་མང་བྱས་པ་བརྒྱུད་བརྩམས་ཆོས་ཁག་30བསྐྱར་འདེམས་ནང་ཚུད་པ་དང་། མཇུག་མཐར་བརྩམས་ཆོས་15མཐའ་འདེམས་འགྲེམས་སྟོན་ནང་ཚུད་པ་རེད། འགྲན་རྩོད་ཛ་དྲག་བྱས་པ་བརྒྱུད། གཞོན་ནུ་ལྔ་ལ“ཀྲུང་ཨར་གྱི་གཞོན་ནུའི་རིག་གནས་ཕོ་ཉའི”མཚན་སྙན་ཐོབ་པ་རེད།
ཨར་ཅི་རི་ཡའི་རིག་གནས་དང་སྒྱུ་རྩལ་པུའི་པུའུ་ཀྲང་མཱ་ལི་ཁཱ·བན་ཏུའུ་ཏཱ་བྱེད་སྒོར་ཞུགས་ནས་ཤིས་ཚིག་བརྗོད་ཅིང་། ཁོང་གིས། གཞོན་ནུའི་དུས་སུ་ཀྲུང་ཧྭའི་རིག་གནས་སློབ་སྦྱོང་བྱས་པ་དང་ལྷག་པར་དུ་རུའུ་ལུགས་ཀྱི་བསམ་བློས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་། ངས་ཨར་ཀྲུང་གཉིས་ཀྱི་གཞོན་ནུ་ཚོ་རིག་གནས་ཕོ་ཉར་གྱུར་ནས། “རིག་གནས་སྤེལ་རེས་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་དབར་དམངས་སེམས་གཅིག་སྦྲེལ་གྱི་ཟམ་པ་བསྐྲུན་ཏེ། ཨར་ཀྲུང་མཛའ་གྲོགས་ལ་གཞོན་ནུའི་སྟོབས་ཤུགས་འབུལ་རྒྱུའི”རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
ཨར་ཅི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དཔལ་འབྱོར་ཚོང་དོན་གྱི་ཚན་ཙན་ཀུའོ་ཅན་ཅུན་གྱིས། ཀྲུང་ཨར་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན། གནའ་བོའི་དར་གོས་ལམ་བུའི་ཐོག་ཕན་ཚུན་ངོ་ཤེས་ཏེ་འབྲེལ་འདྲིས་བྱེད་པ་ནས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པའི་ཁྲོད་ཀྱི་དངོས་སྒྲུབ་མཉམ་ལས་བར། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་བྱས་ནས་དཔུང་གཤིབ་མཉམ་སྐྱོད་ཀྱི་རོགས་ཟླ་གལ་ཆེན་དུ་གྱུར་ཡོད། གཞོན་ནུ་ནི་ཀྲུང་ཨར་མཛའ་གྲོགས་ཀྱི་འབྱུང་འགྱུར་ཡིན་པས། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་བློ་ཁོག་ཡངས་པོས་ཕན་ཚུན་བསམ་ཤེས་མང་ཙམ་བྱས་ཏེ། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཛའ་གྲོགས་ཀྱི་རྒྱུན་མུ་མཐུད་སྐྱོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཨར་ཅི་རི་ཡའི་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏེ་པེ་ཧྲི་ཡིས“ཀྲུང་ཨར་གྱི་གཞོན་ནུའི་རིག་གནས་ཕོ་ཉ་འཚོལ་བའི”བྱེད་སྒོ་དེས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དབར་འབྲེལ་གཏུག་དང་བསམ་ཤེས་གཏིང་ཟབ་ཏུ་གཏོང་བའི་ཟམ་པ་བསྐྲུན་པ་མ་ཟད། ཨར་ཀྲུང་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྣ་མང་དང་ཡིད་དབང་འཕྲོག་ཤུགས་མངོན་པར་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད། གཞོན་ནུ་ཚོས་སྤེལ་རེས་ཁྲོད་མཛའ་བརྩེ་དང་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།