ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་འཕར་སྣོན་ལ་སྒུལ་ཤུགས་བསྣན་པ།

འདི་ནི་ཧྲན་ཏུང་གྲུ་ཁ་ཆིང་ཏའོ་གྲུ་ཁའི་ཁུག་ཆ་མདུན་མའི་དོས་སྒམ་གྲུ་ཁར་ལས་ཀ་བྱེད་པའི་རྣམ་པ་ཡིན་པ།
གོ་ལ་ཧྲིལ་པོའི་སྒོ་དབྱེའི་ཆུ་ཚད་མུ་མཐུད་དམའ་རུ་ཕྱིན་པ་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་དོད་དུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་རང་ཉིད་འཕེལ་རྒྱས་ཀྱི་བར་སྟོང་ཆེ་རུ་ཕྱིན་པ་མ་ཟད། འཛམ་གླིང་དཔལ་འབྱོར་ལའང་རྩ་ཆེན་གྱི་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་གི་སྔོན་དཔག་མཁོ་འདོན་བྱས་ཡོད།
གོ་ལ་ཧྲིལ་པོའི་རིམ་ངོས་ནས་སྒོ་དབྱེར་འགྲན་སློང་དྲག་པོ་འཕྲད་བཞིན་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་གོ་ལ་ཧྲིལ་པོའི་སྒོ་དབྱེའི་སྟོན་གྲངས་ལོ་གོང་མ་ལས་མུ་མཐུད་ཆག་པ་དང་2008ལོ་ལས་5.39%ཆག་ཡོད་པ་རེད། འོན་ཀྱང་ཀྲུང་གོའི་ཁྲོམ་ར་སྒོ་མོ་འབྱེད་ཚད་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། 《2025ལོའི་འཛམ་གླིང་གི་སྒོ་དབྱེའི་སྙན་ཞུ》ལས་མངོན་པར་གཞིགས་ན་ཀྲུང་གོ་འདི་ཉིད་སྒོ་དབྱེའི་མདུན་གྲལ་དུ་མུ་མཐུད་སྐྱོད་བཞིན་ཡོད་པ་རེད།
ཀྲུང་གོས་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་གི་ཁེ་ལས་གོ་ལ་ཧྲིལ་པོའི་མཉམ་ལས་ནང་ཞུགས་པར་རོགས་རམ་ཆེན་པོ་བྱས་པ་དང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་སྲུང་སྐྱོང་རིང་ལུགས་ལས་བྱུང་བའི་རྡབ་རྡེག་ལ་ཁ་གཏད་གཅག་ཡོད།
པོ་ཤིས་ཁྱིམ་སྤྱོད་གློག་ཆས་ཚོགས་པ་ཀྲུང་ཧྭ་ཆེན་པོ་ཁུལ་གྱི་མཐོ་རིམ་ཙུང་ཚའེ་གཞོན་པ་དང་དབུ་བཞུགས་གཉེར་སྐྱོང་དཔོན་གཅིག་ལྕོགས་ཧྲུའུ་པོ་ཐེ་ཡིས། ཀྲུང་གོའི་ཁྲོམ་རར་གསར་གཏོད་ཐད་ཀྱི་ཚད་མཐོའི་བསྟུན་མཁས་རང་བཞིན་ལྡན་པས་ཁེ་ལས་ཀྱིས་ལག་རྩལ་རིམ་འཇུག་དང་ཐོན་རྫས་རིམ་སྤོར་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོར་ཉམས་མྱོང་དང་ནུས་པ་གསོག་འཇོག་བྱ་རྒྱུ་དེ་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ལས་སྒོ་རྒྱ་སྐྱེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་བ་བརྒྱུད། གོ་ལ་ཧྲིལ་པོ་ཅན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཡིན་ནའང་འདྲ་ཡང་ན་ཉོ་ཚོང་མ་འཇོག་གི་གྲོས་ཆོད་གསར་པར་གྲོས་མོལ་བྱས་ནས་མིང་རྟགས་བཀོད་པ་གང་ཞིག་ཡིན་རུང་ཀྲུང་གོས་རྒྱལ་སྒྲོལ་ཁེ་ལས་ལ་འཕེལ་རྒྱས་ཀྱི་བར་སྟོང་དེ་བས་ཡངས་ཤིང་རྒྱ་ཆེ་བ་ཞིག་གཏོད་བཞིན་ཡོད། རྒྱལ་ཁབ་ཁག་གཅིག་གིས་ཉོ་ཚོང་གི་བཀག་རྒྱ་འཛུགས་པའི་གདམ་ག་བྱེད་སྐབས། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་མུ་མཐུད་བྱ་སྤྱོད་དངོས་ལ་བརྟེན་ནས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོང་བྱེད་བཞིན་ཡོད།
—— 《ཨུ་རུ་སུའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།