དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་མི་འབོར་ཁྲི་རེར་དབང་བའི་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་16ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-12

    གསར་འགོད་པར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱིས་གསར་གཏོད་ཁེ་བེད་བདག་ཐོབ་ཁག་ཁྲི་97.2ལ་དབང་ཆ་སྤྲད་པ་དང་། ཐོ་འགོད་བྱས་པའི་ཚོང་རྟགས་ཁྲི་420.6ཟིན་ཡོད།

    མིག་སྔའི་བར། རང་རྒྱལ་གྱི་རྒྱལ་ནང་དུ་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གོ་ཆོད་ཚད་ཁྲི་500ལྷག་ཙམ་ཟིན་པ་དང་། མི་འབོར་ཁྲི་རེར་དབང་བའི་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་16ཟིན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། རྒྱལ་ཡོངས་ཀྱི་ཁེ་བེད་བདག་ཐོབ་བརྒྱུད་བཤུག་ཆོག་འཐུས་ཐོ་འགོད་སྙན་སེང་ཞུ་ཚད་ཐེངས་གྲངས་ཁྲི་145.8ཟིན་པ་དང་། ཁེ་བེད་བདག་ཐོབ་དང་འབྲེལ་བ་ཡོད་པའི་ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་ཙམ་ཟིན་པ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་ཤེས་བྱའི་བདག་དབང་གི་གཏའ་འཇོག་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་9000ལྷག་ཙམ་ཟིན་པ་བཅས་རེད། ཁེ་བེད་བདག་ཐོབ་འདུས་ཆེའི་ཐོན་ལས་ཀྱི་རིན་ཐང་འཕར་མས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་2020ལོའི་11.97%ནས་2024ལོའི་13.38%བར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།