དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་མྱུར་སྐྱེལ་ལས་འབོར་དུང་ཕྱུར་2000ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-12

    འདི་ནི་ཨན་ཧུའེ་ཧྥུའུ་དབྱང་གྲོང་ཁྱེར་གྱི་མྱུར་སྐྱེལ་ཐུམ་སྒྲིལ་ཐག་གཅོད་ལྟེ་གནས་ཤིག་ཏུ་ལས་དོན་པས་མྱུར་སྐྱེལ་ཐུམ་སྒྲིལ་དབྱེ་བ་འབྱེད་བཞིན་པ།2025ལོར་མྱུར་སྐྱེལ་ལས་འབོར་དུང་ཕྱུར་2000ཙམ་ཟིན་པ།

    གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་དང་ལས་རིགས་ཀྱི་བསྐུར་སྐྱེལ་ལས་འབོར་དུང་ཕྱུར་ཁྲི་1.8དང་དུང་ཕྱུར་2165སོ་སོར་ཟིན་པ་དེ། ལོ་གོང་མའི་དུས་མཚུངས་ལས་6.4%དང་11.5%སོ་སོར་འཕར་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དང་མྱུར་སྐྱེལ་ལས་འབོར་དུང་ཕྱུར་ཁྲི་1.5དང་དུང་ཕྱུར་1990སོ་སོར་ཟིན་པ་དེ། ལོ་གོང་མའི་དུས་མཚུངས་ལས་6.5%དང་13.7%སོ་སོར་འཕར་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྦྲག་སྲིད་ལས་རིཌ་ཀྱི་ལས་སྒོའི་ཡོང་འབབ་ལོ་རེར་ཆ་སྙོམས་བྱས་ན་10%ལྷག་ཙམ་འཕར་བ་དང་། མི་རེས་ལོ་རེར་ཆ་སྙོམས་བྱས་ན་མྱུར་སྐྱེལ་སྤྱོད་ཚད་141བར་འཕར་བ། ཉིན་རེའི་ལས་འབོར་མཐོ་ཤོས་དུང་ཕྱུར་7.77ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།