2025ལོའི་ཟླ་12པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ལོ་10རིང་གི་ཟིན་ཐོ་མཐོ་ཤོས་བཏོད་པ།
ཟླ་བ་ལྔ་བསྟུད་མར་ཨ་སྒོར་དུང་ཕྱུར་ཁྲི་3.3ལས་བརྒལ་བ།
ཉེ་ཆར་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་33579ཟིན་ནས་2015ལོའི་ཟླ་བ་བཅུ་གཉིས་པ་ཚུན་གྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
དམངས་འཚོ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་དབུན་པིན་གྱིས་དབྱེ་ཞིབ་བྱས་པར་གཞིགས་ན། 2025ལོའི་ཟླ་བ་བཅུ་གཉིས་པར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་ལོ་འདིའི་ནང་སྐྱེད་ཀ་དམའ་རུ་ཐེངས་གསུམ་བཏང་བས་ཨ་སྒོར་གྱི་འཛའ་ཐང་ཆག་པ་དང་ཆབས་ཅིག དངུལ་ལོར་འགྲེམས་ཐལ་བསྐྱར་ལོག་གི་སྔོན་དཔག་ལས་དུས་བཀག་ནང་རིན་གོང་འཕར་ཏེ། ཨ་རིའི་དཔལ་འབྱོར་གྲངས་གཞི་སྔོན་དཔག་ལས་བསྟུད་མར་བརྒལ་ཞིང་། ལོ་10ཡི་རིང་། ཨ་རིའི་བུ་ལོན་མི་འཕར་བར་མར་ཆག་ནས་གོ་ལ་ཧྲིལ་པོའི་རྒྱུ་ནོར་རིན་གོང་འཕར་ཆག་མཉམ་མངོན་བྱུང་ཡོད། རྒྱུ་ནོར་རིན་གོང་གི་འགྱུར་ལྡོག་དང་དངུལ་བརྗེས་འཛའ་ཐང་འཕར་ཆག་གི་ཤུགས་རྐྱེན་སྣ་ཚོགས་ལས། ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་33579ཟིན་པ་དེ་ཟླ་གོང་མའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་115འཕར་ནས་འཕར་ཚད་0.34%ཟིན་ཡོད།
2025ལོའི་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཟླ་ལྔ་བསྟུད་མར་ཨ་སྒོར་དུང་ཕྱུར་ཁྲི་3.3ཡན་ཟིན་ཡོད། ཀྲུང་གོ་དངུལ་ཁང་དངུལ་འཛིན་གོ་ལ་ཧྲིལ་པོའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཀོན་ཐའོ་ཡིས། འདི་ལས་གཙོ་བོ་དཔལ་འབྱོར་དངོས་ཚན་གཙོ་བོའི་དངུལ་ལོར་སྲིད་ཇུས་དང་། སྔོན་དཔག གཞི་ཆེའི་དཔལ་འབྱོར་བཅས་ཀྱི་གྲངས་གཞི་སོགས་ཀྱི་དབང་གིས་དངུལ་བརྗེས་འཛའ་ཐང་གི་ཕབ་རྩིས་དང་རྒྱུ་ནོར་རིན་གོང་གི་འགྱུར་ལྡོག་ལས་བྱུང་བའི་དྲང་ཕྱོགས་ཚོད་གོང་གི་ཕན་ནུས་མངོན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།