ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་དམིགས་འཛུགས་ལུས་རྩལ་ཁང་གི་སྒོ་བྱང་བཀལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་དམིགས་འཛུགས་ལུས་རྩལ་ཁང་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་དམིགས་འཛུགས་ལུས་རྩལ་ཁང་གི་སྒོ་བྱང་བཀལ་བ་ནི་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་མི་ཚོགས་ཀྱི་ལུས་སྦྱོང་གི་དགོས་མཁོ་སྐོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དབང་པོ་སྐྱོན་ཅན་བ་རྣམས་བདེ་ཐང་སླར་གསོ་ཡོང་བ་དང་། ལུས་སྦྱོང་ནང་ཞུགས་པའི་དམངས་ཡོངས་ཀྱི་སྤྲོ་སེམས་འཕེལ་བ། འཚོ་བའི་སྤུས་ཚད་ལེགས་སུ་དང་སྐྱིད་སྣང་ཆེ་རུ་གཏོང་བ། གཙོ་གནད་མི་ཚོགས་ཀྱི་ལུས་རྩལ་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ལ“གཡུལ་སའི”འགན་ལེན་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“གོམ་སྟབས་རྗེས་མར་ང་ཚོས་གཙོ་གནད་མི་ཚོགས་ཀྱི་ལུས་སྦྱོང་དགོས་མཁོར་མུ་མཐུད་དོ་ཁུར་བྱས་ཏེ། མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག གནད་གཅིག་གིས་སྣེ་ཁྲིད་ནས་གཞི་ཁྱོན་ཆེ་རུ་བཏང་སྟེ་གྲོང་ཁྱེར་ཡོངས་སུ་དབང་པོ་སྐྱོན་ཅན་གྱི་དམིགས་འཛུགས་ལུས་རྩལ་ཁང་དེ་བས་མང་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ལུས་རྩལ་ནང་ཞུགས་མཁན་དབང་པོ་སྐྱོན་ཅན་གྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ་ཡིན”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།