བོད་ཀྱིས་2025ལོའི་ལོ་འཁོར་གྱི“ཁྲིམས་འཛིན་སྲིད་འཛིན་ལས་བྱེད་ཉེན་རྟོག་པ་ཡག་ཤོས”ལ་གཟེངས་བསྟོད་བྱས་པ།
ཟླ་1ཚེས་8ཉིན། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས“ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན”ཐེངས་དྲུག་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་2025ལོའི་ལོ་འཁོར་གྱི“ཁྲིམས་འཛིན་སྲིད་འཛིན་ལས་བྱེད་ཉེན་རྟོག་པ་ཡག་ཤོས”ལ་གཟེངས་བསྟོད་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ“ཉེན་རྟོག་པ་བྱས་ནས་ལོ་30སོང་བའི”ལས་བྱེད་ཉེན་རྟོག་པའི་འཐུས་མི་7ལ་གཟི་བརྗིད་དྲན་གསོའི་རྟགས་མ་སྤྲད་དེ། ཁོང་ཚོས་ལོ་བཅུ་ཕྲག་རིང་བོད་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་རེད། དེ་རྗེས་ཉེན་རྟོག་པ་གསར་པའི་འཐུས་མི་10གྲལ་འགྲིག་པོར་ལངས་ཤིང་། ཉེན་རྟོག་པའི་གོ་ཐོབ་བླངས་ཏེ་བརྗིད་ཉམས་ཆེན་པོས་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་ནང་ཞུགས་པའི་དམ་བཅའ་བཞག་པ་རེད།
རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཝང་ཡ་ཏུང་གིས་འདས་ཟིན་པའི་ལོ་གཅིག་གི་ནང་བོད་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་དང་། བརྟན་ལྷིང་ལ་སྲུང་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།