ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོཌ་ནས“དུས་ཆེན་གསུམ”རིང་གི་འཚམས་འདྲིའི་ལས་དོན་བཀོད་སྒྲིག་བྱས་པ།
ཚེས་9ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས“དུས་ཆེན་གསུམ”རིང་གི་འཚམས་འདྲིའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ། ཏང་དངུལ་ནས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་སོགས་ཀྱི་ཚོགས་སྤྱིར་བཏང་ནས་རྗོང་རིམ་པའི་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)གྲོང་གསེབ་ཀྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་ལ་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད།
ལའེ་ཅའོ་ཡིས། གཞི་རིམ་གྱི་ལས་བྱེད་པ་དང་དེ་བཞིན་གཞུང་དོན་ཆེད་སྐུ་གཤེགས་པའི་ཏང་ཡོན་དང་ལས་བྱེད་པའི་ཁྱིམ་ཚང་ལ་འཚམས་འདྲི་དང་། ལྟ་རྟོག་རོགས་སྐྱོབ། རོགས་རམ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོན་མཁན་དང་། “བདུན་གཅིག་གི་གཟེངས་རྟགས”ཐོབ་མཁན། “རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན” “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ”དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་བྱ་ཡུལ་བཅས་ལ་འབྲེལ་ཡོད་ཀྱི་ཐོབ་ཐང་དོན་འཁྱོལ་དང་འཚམས་འདྲིའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། བཏང་བའི་ཏང་དངུལ་གོ་ཆོད་པར་བྱས་ཏེ་རྫོང་རིམ་པའི་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)སློབ་གསོ་གསོ་སྦྱོང་གི་འཐབ་ས་སྟོབས་ཆེར་གཏོང་བ་དང་། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཙོ་གནད་དུ་བཟུང་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་དང་། ཞིང་འབྲོག་ཁུལ་གྱི་ཏང་ཡོན་གཅིག་སྡུད་རེས་སྐོར་གྱི་གསོ་སྦྱོང་སྒྲིག་འཛུགས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང་། འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་ཁྲིད་སྟོན་བྱས་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ནས་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པར”ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།