“སྦྲ་གུར་ནང་གི་ཇ་རླངས་པ་འཚུབ་འཚུབ”ནས“ཁང་པ་གསར་པའི་ནང་གི་དགོད་སྒྲའི”བར།
“ཨ་ཁུ་ལགས་ང་ཚོ་ཡང་བསྐྱར་ཁྱེད་རང་ལ་ལྟ་བར་ཡོང་བ་ཡིན” དིང་རིར་ས་ཡོམ་བརྒྱབ་ནས་ལོ་གཅིག་འཁོར་བའི་སྐབས་སུ། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་ཤར་ལ་སུག་གྲོང་ཚོར་སླར་ཡང་བསྐྱོད་པ་ཡིན། གྲོང་ཚོའི་ལས་བྱེད་པའི་ཕེབས་རོཌ་འོག་ལོ་65ལ་སླེབས་པའི་ཡུལ་མི་ཚེ་རིང་དོན་གྲུབ་ཐུག་བྱུང་།
ཁོང་གི་ཁྱིམ་དུ་དེ་སྔ་ས་ཡོམ་བརྒྱབ་པའི་རྐྱེན་གྱིས་གྱང་ལ་སྲུབས་ཀ་མང་པོ་གས། ད་ལྟ་གྱང་དེ་དག་ཉམས་བཟོ་བྱས་ནས་བརྟན་དུ་བཏང་ཡོད། ཉི་འོད་འཕྲོས་ནས་འོད་མདངས་འཚེར་བའི་གྱང་དཀར་པོ་དེར་ཁོང་གིས་འཕུར་འཕུར་བྱེད་བཞིན“ཁྱེད་ཚོ་གཟིགས་དང་། ད་ལྟ་སྲུབས་ཀའི་ཤུལ་ཡང་མཐོང་རྒྱུ་མེད”ཅེས་བཤད།
ན་ནིང་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་ཤར་ལ་སུག་གྲོང་ཚོར་ཡང་ཤུགས་རྐྱེན་ཐེབས་ནས་ཡུལ་མི་མང་པོ་ཞིག་གི་འཚོ་བར་དཀའ་ངལ་འཕྲད་ཡོད། གསར་འགོད་པས་སྐབས་དེ་དུས་ཚེ་རིང་དོན་གྲུབ་ངོ་ཤེས་བྱུང་། གནས་སྐབས་བཀོད་སྒྲིག་བྱས་པའི་གུར་ནང་ཁོང་གིས་སེམས་རྩ་འཁོལ་པོས་ང་གུར་ནང་ཇ་འཐུང་བར་འབོད་བྱུང་། ཇ་འཐུང་བ་དང་སྐད་ཆ་ཤོད་ཀྱིན་ང་གཉིས་ཕན་ཚུན་རྒྱུས་མངའ་བྱུང་།
“2025ལོའི་ཟླ་10པའི་ཟླ་མཇུག་བར། གཞིས་ཆེན་ཤང་གིས་མང་ཚོཌ་དུད་ཚང་1121གི་སྡོད་ཁང་བསྐྱར་སྐྲུན་བྱས་པ་དང་། དུད་ཚང་82ཀྱི་སྡོད་ཁང་ཉམས་གསོ་བརྟན་གཏོང་བྱས་པ་དང་། སྡོད་ཁང་ཚང་མ་ཡུལ་མི་རྣམས་ལ་རྩིས་སྤྲད་ཟིན”ཞེས་གཞིས་ཆེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས།
“འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་གི་འདུག ལོ་གཅིག་ལ་ཁྱིམ་ལ་འབབ་འཕར་སྒོ་ཁྲི་20ལྷག་ཙམ་ཡོད་པ་དང་ཡོང་འབབ་ཁོ་ན་སྒོར་ཁྲི་15ལྷག་ཙམ་བྱུང”ཞེས་ཚེ་རིང་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་བཤད།
བཅར་འདྲི་མཇུག་འགྲིལ་རྗེས། གསར་འགོད་པས་ཤར་ལ་སུག་གྲོང་ཚོའི་སྲང་ལམ་དུ་སྐྱོད་སྐབས་ཡུལ་མིའི་སྡོད་ཁང་གྲལ་བསྟར་འགྲིག་ཅིང་ལམ་འགྲམ་དུ་ཡུལ་མི་གཉིས་གསུམ་ཁ་བརྡ་བྱེད་བཞིན་པ་མཐོང་བྱུང་། གྲོང་ཚོའི་གསེབ་ནས་ཇ་བསྲུབས་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་ཞིང་། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱུང་བའི་ཡུལ་མི་བདེ་སྡོད་ལས་ལ་བརྩོན་ཞིང་གྲོང་ཚོ་ཧྲིལ་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་ཀྱིས་ཁེངས་འདུག
འབྲེལ་ཡོད་གསར་འགྱུར།