དགུན་དུས“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་པ།

འདི་ནི་ཁྲེང་ཀོན་ཆུས་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར་གྲོང་མིས་སྔོ་ཚལ་ཉོ་བཞིན་པ།
ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་སྐབས་སུ། ལྷ་ས་གྲོང་ཁྱེར་གྱི་སྔོ་ཚལ་ཁྲོམ་ར་ཁག་གིས་སྔོ་ཚལ་དང་ཤིང་ཏོག་མཁོ་སྤྲོད་ཧུར་ཐག་བྱས་ནས་གྲོང་མིའི“ཤ་ཚལ་སྒོང་གསུམ”འབེལ་པོ་ཡོང་བའི་འགན་ལེན་བྱས་པ་རེད། སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲོམ་ར་ལྟ་ཞིབ་ཚད་ལེན་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། མཁོ་འདོན་ཐད་ཀྱི་འཕར་ཆག་ལ་དུས་ཐོག་ཏུ་ཁ་གཏད་གཅོག་གི་ཡོད་པ་དང་། ཚོང་པས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་གི་ཡོད། མིག་སྔར། ལྷ་ས་གྲོང་ཁྱེར་གྱི་དགུན་ཁར་ཤིང་ཏོག་དང་སྔོ་ཚལ་མཁོ་འདོན་ཡག་པོ་ཐུབ་ཀྱི་ཡོད་དེ། ཁྲོམ་ར་ཁག་གི་ཟོག་ཁུངས་འདང་ངེས་ཡོད་པ་དང་། སྔོ་ཚལ་དང་ཤིང་ཏོག་གི་སྣ་ཁ་ཕུན་སུམ་ཚོགས་པ། རིན་གོང་བརྟན་པོ་བཅས་བྱུང་ནས་གྲོང་མི་ཚོར་གདམ་ག་མང་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།