དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པའི་ཁྱབ་ཁོངས་རྒྱལ་ཡོངས་བར་རྒྱ་སྐྱེད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-12

    ཟླ་1ཚེས་9ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ《ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པའི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཤིང་། མི་སྒེར་གྱི་རྩིས་ཐོའི་མཉམ་སྤྱོད་སྲིད་ཇུས་སྔར་བས་ལེགས་སུ་གཏོང་བ་དང་། ས་ཁོངས་ཀྱི་ཚོད་འཛིན་སེལ་བ། ཁྱིམ་ཚང་དབར་ཕན་ཚུན་རོགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་མཉམ་འདོན་མཉམ་སྤྱོད་ཁྱབ་ཁོངས་དེ་ཞིང་ཆེན་ནས་རྒྱལ་ཡོངས་བར་རྒྱ་སྐྱེད་ཐུབ་རྒྱུ་ཡིན་པ་རེད།

    བརྡ་ཐོའི་ནང་གསལ་སྟོན་བྱས་པར། ཞིང་ཆེན་བརྒལ་ནས་མཉམ་སྤྱོད་གོ་ཆོད་བྱ་ཡུལ་གྱི་ཁྱབ་ཁོངས་ནི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་གཉེན་ཉེ་རེད། མཉམ་སྤྱོད་འབྲེལ་བ་དེ་ཕྱོགས་གཉིས་པོས་རང་མོས་ངང་འཛུགས་ཆོག་ལ་མེད་པའང་བཟོ་ཆོག འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགན་བཅོལ་གྱི་འབྲེལ་བར་འགྱུར་ལྡོག་འགྲོ་སྐབས། འབྲེལ་བ་དེ་རང་འགུལ་ངང་མེད་པར་ཆགས་པ་དང་མི་གཅིག་གིས་མི་མང་པོ་དང་མཉམ་སྤྱོད་བྱེད་པའི་འབྲེལ་བ་འཛུགས་ཆོག

    མཉམ་སྤྱོད་མ་དངུལ་དེ་མཉམ་སྤྱོད་བྱ་ཡུལ་གྱིས་སྨན་བཅོས་དང་སྨན་ཉོ་བ་སོགས་མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ། ཡུན་རིང་ནད་གཡོག་རྒྱུག་པའི་འགན་བཅོལ་བཅས་མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་ཐད་སྤྱད་ཆོག མཉམ་སྤྱོད་དངུལ་གྲངས་ནང་ཚུན་དུ་མཉམ་སྤྱོད་མཁན་གྱིས་སླར་ཡང་དངུལ་གྲངས་ནང་ཚུན་གྱི་མི་སྒེར་གྱི་རྩིས་ཐོའི་མ་དངུལ་བེད་སྤྱོད་བྱེད་མི་ཆོག འབྲེལ་བ་བཅད་རྗེས་བེད་སྤྱོད་བྱས་མ་ཟིན་པའི་དངུལ་དག་མཉམ་སྤྱོད་རྩིས་ཐོར་ཕྱིར་སློག་བྱེད་དགོས།

    རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་ནང་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་མཉམ་སྤྱོད་ནུས་པ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད། ཡུན་རིང་མ་སོང་གོང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཞིང་ཆེན་ཁག་ལ་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་ནང་ཁུལ་དུ་མཉམ་སྤྱོད་བྱེད་པའི་ཁྲིད་སྟོན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན། མཉམ་སྤྱོད་བྱེད་གྲངས་མི་ཐེངས་དུང་ཕྱུར་7.8ལྷག་ཙམ་དང་དངུལ་གྲངས་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་ཡོད། དེ་དང་ཆབས་ཅིག ཚོད་ལྟའི་ཞིང་ཆེན་དང་གྲོང་ཁྱེར་ལ་ཞིང་ཆེན་ལས་བརྒལ་ནས་མཉམ་སྤྱོད་བྱ་རྒྱུའི་མཛུབ་ཁྲིད་བྱས་ཤིང་། སྤྱི་འདོམས་ས་ཁུལ་337གྱིས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ལས་སྒོ་གཉེར་བ་དང་འབྲེལ། ཞིང་ཆེན་བརྒལ་ནས་མཉམ་སྤྱོད་ཀྱང་བྱས་ཡོད། བརྡ་ཐོའི་ནང་ཞིང་ཆེན་བརྒལ་བའི་མཉམ་སྤྱོད་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས་མཉམ་སྤྱོད་ཁྱབ་ཁོངས་དེ་བས་ཆེ་རུ་བཏང་སྟེ། མང་ཚོགས་ལ་ཞིང་ཆེན་བརྒལ་བའི་མཉམ་སྤྱོད་ཀྱི་སྒྱུར་བཅོས་ཁེ་སྤོགས་དེ་བས་ཕན་ནུས་ཆེན་པོ་དང་སྟབས་བདེ་པོས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།