དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ཟླ་12པར་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་52.4%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-11

    ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་12པར་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་52.4%ཟིན་པ་དེ། ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.5འཕར་བ་དང་དར་རྒྱས་སྟོན་གྲངས་2025ལོའི་མཐོ་ཤོས་སུ་སླེབས་ཡོད།

    2025ལོའི་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་ཀྱི་སྙོམས་ཐང་50.8%ཟིན་ཞིང་། དུས་ཚིགས་བཞིའི་དར་རྒྱས་སྟོན་གྲངས་བརྟན་པོའི་ངང་སླར་གསོ་བྱུང་ནས་50.2%དང་། 50.8% 50.9% 51.3%བཅས་སོ་སོར་ཟིན་ཏེ། ཟོག་འགྲུལ་ལས་རིགས་ནས་ལས་རིགས་ཀྱི་སྒུལ་ནུས་ལེགས་སུ་དང་གཉེར་སྐྱོང་གི་མཉེན་ཆ་ཆེ་རུ་འགྲོ་བའི་འཁོར་རྒྱུག་གི་རྣམ་པ་ཞིག་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།