2025ལོར་ཡོམ་འགོག་གེགས་སེལ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
གསར་འགོད་པར་ཀྲུང་གོ་ས་ཡོམ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། དེའི་ནང་ས་ཡོམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ས་ཡོམ་སྔོན་བརྡ་ཐེངས་300བཏང་བ་དང་། མི་ཐེངས་ཁྲི་1800ལྷག་ཙམ་ལ་ཞབས་འདེགས་ཞུས་པ། མྱུར་བགྲོད་ལྕགས་ལམ་འཁོར་སྐྱོད་དང་སྨན་བཅོས་གཤགས་བཅོས་སོགས་འཕྲལ་སྡོམ་ཉེན་གཡོལ་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་གནོད་འཚེ་ཉུང་གཏོང་གི་ཕན་འབྲས་ཐོན་པར་བྱས་ཡོད།
མིག་སྔར། རང་རྒྱལ་གྱི་ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་ཞིང་ཆེན་རིམ་པའི་ས་ཚིགས་དྲ་བའི་འཆར་འགོད་ཡོངས་སུ་ཁྱབ་ཡོད། 2025ལོར་གྲོང་ཁྱེར་དང་རྫོང་གི་ས་ཚིགས་དྲ་བ་དེ་ལས་སྒོའི་སྤུས་ཚད་ཚོད་སྐོར་བྱེད་ཁོངས་སུ་ཐོག་མར་བཅུག་པ་དང་། གྲངས་གཞི་ནང་འཇུག་བྱེད་ཚད་97%བར་མཐོ་རུ་བཏང་བ། ལས་རིགས་318ཀྱི་ཆེད་སྤྱོད་ས་ཚིགས་དྲ་བ་དག་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཅུག་པ། རྒྱ་མཚོ་དང་མེ་རི་སོགས་ལྟ་ཞིབ་ཚད་ལེན་ས་ཚིགས་དྲ་བ་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་ཡོད། ས་ཚིགས་དྲ་བ་བདེ་འཇགས་འཁོར་སྐྱོད་ལོ་3གྱི་བྱ་སྤྱོད་སྤེལ་བ་བརྒྱུད། ས་ཡོམ་སྔོན་བརྡའི་དྲ་བ་འཁོར་སྐྱོད་བྱེད་ཚད་99.4%ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།