དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་བརྡ་ཐོ་བཀྲམ་ནས་སྨན་བཅོས་སྒྲིག་གཞིའི་སྟབས་བདེའི་གཏོང་སྤྲོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-11

    ཉིན་ཤས་གོང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་གཞུང་ལས་ཁང་གིས《གདོང་བཤེར་གཏོང་སྤྲོད་དང་། རྩ་གཉིས་ཨང་རྟགས་གཅིག་གིས་གཏོང་སྤྲོད། སྒུལ་བདེ་གཏོང་སྤྲོད། ཡིད་རྟོན་གཏོང་སྤྲོད་སོགས་སྟབས་བདེའི་གཏོང་སྤྲོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་གདོང་བཤེར་གཏོང་སྤྲོད་དང་། རྩ་གཉིས་ཨང་རྟགས་གཅིག་གིས་གཏོང་སྤྲོད། སྒུལ་བདེ་གཏོང་སྤྲོད། ཡིད་རྟོན་གཏོང་སྤྲོད་བཅས་སྨན་བཅོས་ཁྱབ་ཁོངས་སྣ་ཚོགས་སུ་ལག་ལེན་བསྟར་བར་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།

    གདོང་བཤེར་གཏོང་སྤྲོད་ཅེས་པ་ནི“གདོང་བཤེར་བ”ལས་ཐོབ་ཐང་ར་སྤྲོད་དང་གྲོན་དངུལ་འཇལ་བར་ཟེར། དེའི་རིང་གཱའམ་ཡང་ན་ལག་ཐོགས་ཁ་པར་འཁྱེར་དགོས་ཀྱི་མེད། རྩ་གཉིས་ཨང་རྟགས་གཅིག་གིས་གཏོང་སྤྲོད་ཅེས་པ་ནི་ཨང་རྟགས་ཐེངས་གཅིག་བཤེར་ནས་སྨན་བཅོས་འགན་བཅོལ་རྩིས་ཞུ་དང་། མི་སྒེར་གྱི་རྩིས་ཐོའི་གཏོང་སྤྲོད་དང་མི་སྒེར་གྱིས་གཏོང་དགོས་པའི(དངུལ་སྨར་ཁག་གཅིག)གྲོན་དངུལ་འཇལ་བར་ཟེར། གཏོང་སྤྲོད་བརྒྱུད་རིམ་དེ་འདུས་གྲུབ་དང་སྟབས་བདེ་ཡོད། སྒུལ་བདེ་གཏོང་སྤྲོད་ཅེས་པ་ནི་ལག་ཐོགས་ཁ་པར་གྱི་APPདང་བྱ་རིམ་ཆུང་ངུ་སོགས་བརྒྱུད་དྲ་ཐོག་ནས་ཨང་ཀི་འགོག་པ་དང་། གྲོན་དངུལ་འཇལ་བ། སྨན་བཅོས་འགན་བཅོལ་རྩིས་ཞུ་བཅས་ཀྱི་བརྒྱུད་རིམ་ཡོངས་ལེགས་གྲུབ་བྱེད་པར་ཟེར། དེ་སྤྱད་ན་བང་སྒྲིག་པའི་དུས་ཚོད་གྲོན་ཆུང་ཐུབ་ཀྱི་ཡོད། ཡིད་རྟོན་གཏོང་སྤྲོད་ཅེས་པ་ནི་འགན་བཅོལ་ནང་ཞུགས་མཁན་དང་དངུལ་ཁང་བར་གྱི་གན་རྒྱའི་འབྲེལ་བ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ། མི་སྒེར་གྱིས་གཏོང་དགོས་པའི་སྨན་བཅོས་གྲོན་དངུལ(དངུལ་སྨར་ཁག་གཅིག)དངུལ་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཡིད་རྟོན་བྱེད་ཚད་ནང་སྔོན་ལ་སྨན་བཅོས་སྒྲིག་གཞིར་སྤྲོད་པར་ཟེར། དེ་སྤྱད་ཚེ་སྨན་ཁང་དུ་སྨན་བཅོས་དང་ཁྱིམ་དུ་ལོག་རྗེས་དངུལ་སྤྲད་ན་ཆོག་གི་ཡོད།

    བརྡ་ཐོའི་ནང་། ཞིང་ཆེན་ཁག་ལ་2026ལོའི་ཁྱབ་གདལ་གཏོང་ཁུལ་དང་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁག་དང་པོས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པ་དང་། 2027ལོར་ཞིང་ཆེན་ནང་ཁུལ་གྱི་སྤྱི་འདོམས་ས་ཁུལ་ཡོངས་སུ་ཁྱབ་ཐུབ་པར་བྱེད་དགོས་པ། 2028ལོར་ཞིང་ཆེན་ནང་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་ཕྱོགས་ཡོངས་ནས་ཁྱབ་གདལ་ཐུབ་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།