ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་གོ་ལ་ཧྲིལ་པོའི་ལོ་རེའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་14ལས་བརྒལ་བའི་གྲུ་ཁ་ཆེ་གྲས་དང་པོར་གྱུར་པ།

ཀྲེ་ཅང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་14ལས་བརྒལ་ནས་ལོ་17བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཏེ། ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་དེ་ཉིད་གོ་ལ་ཧྲིལ་པོའི་ལོ་རེའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་14ལས་བརྒལ་བའི་གྲུ་ཁ་ཆེ་གྲས་དང་པོར་གྱུར་ཡོད་པ་རེད། 2025ལོའི་ལོ་མཇུག་བར། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་དོས་སྒམ་སྐྱེལ་འདྲེན་མཚོ་ལམ་309ཟིན་ནས་རྒྱལ་ཁབ་དང་ས་ཁུལ་200ལྷག་གི་གྲུ་ཁ་700ལྷག་ལ་སྦྲེལ་མཐུད་བྱས་ཡོད་པ་རེད། འདི་ནི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཁྲོན་ཧྲན་གྲུ་ཁུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།