ནུས་རྒྱུའི་རིགས་ཀྱི་ཀྲུང་དབྱང་ཁེ་ལས་ཞུང་ཨན་ཁུལ་གསར་དུ་གང་མགྱོགས་གཅིག་སྡུད་བྱེད་པ།
ཟླ་1ཚེས་6ཉིན། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཕྱོགས་བསྡུས་བློ་རིག་ནུས་རྒྱུ་ཚད་ཡོད་ཀུང་སི་ཞུང་ཨན་ཁུལ་གསར་དུ་དངོས་སུ་སྤོས་པས། དེ་ནི་ཞུང་ཨན་ཁུལ་གསར་གྱི་2026ལོའི་ཁྲོམ་ར་ཅན་གྱི་འདུམ་སེལ་ཀྲུང་དབྱང་ཁེ་ལས་ཀྱི་རིམ་པ་གཉིས་པའི་ཡན་ལག་ཀུང་སི་དང་པོར་གྱུར་ཡོད། ཞུང་ཨན་ཁུལ་གསར་དུ་ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་གཅིག་སྡུད་བྱས་པའི་ཕན་འབྲས་མངོན་གསལ་དོད་པོ་ཡོད། ཞུང་ཨན་ཁུལ་གསར་གྱི་ཚོང་དོན་དང་མ་འཇོག་སྐུལ་སྤེལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་བརྒྱུད་རིམ་རང་བཞིན་གྱི་སྐུལ་ཁྲིད་བྱེད་སྟངས་དེ་ནི་ཞུང་ཨན་ཁུལ་གསར་གྱིས་ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། ཚན་རྩལ་གསར་གཏོད་ལ་ཁྲིད་སྟོན། ཐོན་ལས་གཅིག་སྡུད་མགྱོགས་པོ་བཅས་ལ་འབྲེལ་མཐུད་འདུམ་སེལ་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། མིག་སྔར་ཧྭ་ནུས་དང་། ཧྭ་གློག ཏ་ཐང་བཅས་ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་3གྱི་སྤྱི་ཁྱབ་པུའུ་ཞུང་ཨན་དུ་གཞིས་ཆགས་པ་དང་། རྒྱལ་ཁབ་ནུས་རྒྱུ་དང་། རྒྱལ་ཁབ་གློག་ཤུགས་མ་འཇོག ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ཀོང་ཏུང་ཉིང་གློག་ཚོགས་པ་ཚད་ཡོད་ཀུང་སི། འགག་གསུམ་སོགས་ནུས་རྒྱུའི་རིགས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱིས་ཞུང་ཨན་དུ་རིམ་པ་གཉིས་པ་དང་གསུམ་པའི་ཡན་ལག་ཀུང་སིའམ། ཡང་ན་གསར་གཏོད་ལས་ཚན་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཡོད་པ་རེད། གོམ་སྟབས་རྗེས་མར། ཞུང་ཨན་ཁུལ་གསར་གྱིས་འཕེལ་རྒྱས་ཀྱི་ནུས་རིམ་ལ་འབྲེལ་མཐུད་འདུམ་སེལ་དང་གསར་གཏོད་སྣེ་ཁྲིད་བྱས་ཏེ། ནུས་རྒྱུའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས། ནུས་རྒྱུའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།