ཞི་ཅིན་ཕིང་གིས་2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་དུས་སུ“མི་ཆོས་རིག་གནས་སྤེལ་རེས་ལོ”གཉེར་བ་དེ་ནི་ང་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཧྥེའི་མཛའ་གྲོགས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མི་ཆོས་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མེད་སྒུལ་ཤུགས་ཤིག་རེད། ལོ་ངོ་སྟོང་ཕྲག་དུ་མའི་རིང་། ཀྲུང་ཧྥེའི་ཤེས་དཔལ་ཆེན་པོ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱིས་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་ལོ་རྒྱུས་དང་བསམ་བློའི་འབྱུང་ཁུངས་སུ་གྱུར་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས“མི་ཆོས་རིག་གནས་སྤེལ་རེས་ལོ”གོ་སྐབས་སུ་བརྩིས་ནས་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་མཐུད་པ་དང་། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་རྒྱག་པ། མི་སྣ་འགྲོ་འོང་དང་ལྷག་པར་དུ་གཞོན་ནུ་འགྲོ་འོང་ཟབ་ཏུ་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ། ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྥེའི་མི་དམངས་དུང་ཕྱུར་28ལྷག་ཙམ་སེམས་པ་གཅིག་མཐུན་དང་། བརྩེ་དུང་མཉམ་འདྲེས། སྟོབས་ཤུགས་གཅིག་སྡུད་བཅས་ཡོང་བར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་གྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།