དམངས་ཕན་བྱ་བཟང་ཏན་ཏིག་སྒྲུབ་དགོས།
ཧྲེན་ཧྲའོ་ཐེ།
2026ལོའི་བུ་གསོའི་ཁ་གསབ་ཟླ་1ཚེས་5ཉིན་ནས་བཟུང་ཕྱོགས་ཡོངས་ནས་རེ་ཞུ་དངོས་སུ་བྱེད་འགོ་ཚུགས་ཤིང་། ན་ནིང་ཟླ་7པར་ཇུས་གཞི་བཟོས་ནས་ལག་བསྟར་བྱས་ཚུན་དམངས་ཕན་སྲིད་ཇུས་འདི་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད།
བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་ནི་ཁྱིམ་ཚང་གི་དོན་ཆེན་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་དོན་ཆེན་ཡང་རེད། ནོར་སྲིད་མ་དངུལ་གནད་སྨིན་ངང་སྤྲད་པ་བརྒྱུད་བུ་གསོའི་ཁྱིམ་ཚང་གི་བུ་ཕྲུག་རེར་ཟླ་རེར་ཁ་གསབ་དངུལ་སྒོར་300ལེན་ཆོག་གི་ཡོད། དེ་ལས་བུ་བཙའ་བུ་གསོའི་ཁུར་པོ་ཐད་ཀར་ཡང་དུ་བཏང་ནས་བུ་བཙའི་མཐུན་འཕྲོད་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། “བྱ་བ་ཆུང་ཙག”ལ་བརྟེན་ནས“དམངས་འཚོ་ཆེན་པོར”ཕན་བཏགས་ཏེ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་རམ་འདེགས་བྱས་ཤིང་། དེ་ལས་ནི“མི་སྣའི་ཆེད་མ་འཇོག”གི་ནང་གནས་བླང་བྱ་མཚོན་གྱི་ཡོད་པ་རེད།
དམངས་འཚོ་ལེགས་སུ་གཏོང་བར་ནམ་ཡང་ཚར་དུས་མེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་བར་དམིགས་ནས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་འགག་རྩ་ནི་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་དམངས་ཕན་གྱི་བྱ་བ་ཚང་མ་ཏན་ཏིག་བསྒྲུབས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱེད་དགོས།
‘ཁྱིམ་ཆུང’ཚང་མ་ཚ་སོབ་སོབ་བྱུང་ཚེ‘ཁྱིམ་ཆེན’ཀྲུང་གོ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ངེས་རེད། དམངས་འཚོར་ཕན་འདོགས་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། དངོས་ཟོག་ལ་མ་འཇོག་དང་མི་སྣའི་ཆེད་མ་འཇོག་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཚེ། ང་ཚོས་མི་སེམས་དྲོ་བའི་དམངས་འཚོའི་རྒྱུགས་ལན་དང་མི་སེམས་འགུལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།