དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་ནས་2025ལོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་3000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-10

    འདི་ནི་ཅིའུ་ལུང་ནུབ་ཚུགས་ཀྱི་འགག་སྒོར་འགྲུལ་པས་གོ་རིམ་ལྡན་པའི་ངང་མཐའ་མཚམས་ཞིབ་བཤེར་གྱི་འགྲོ་ལུགས་གཉེར་བཞིན་པ།

     གསར་འགོད་པར་ཀོང་ཏུང་ཧྲེན་ཀྲེན་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཅིའུ་ལུང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ནུབ་མ་ནས་ཤེས་རྟོགས་བྱུང་བར། 2025ལོར་ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་3000ལས་ཐོག་མར་བརྒལ་བ་དེས་ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་ཅིའུ་ལུང་ནུབ་ཚུགས་འགག་སྒོ་ཤར་གཏོང་ཐུབ་ཚུན་གྱི་འགྲུལ་པའི་བསྡོམས་འབོར་གྱི་30%བཟུང་བ་དང་། ལོ་གོང་མ་ལས་16.8%འཕར་ཡོད་པ་རེད།

    2018ལོའི་ཟླ་9པར། ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་ཅིའུ་ལུང་ནུབ་ཚུགས་འགག་སྒོ་ཤར་གཏོང་ཐུབ་པ་ནས་བཟུང་། ཅིའུ་ལུང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ནུབ་མས་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1ལྷག་ཙམ་ལ་ཞིབ་བཤེར་བྱས་ཡོད་པ་རེད།

    ཤང་ཀང་ཅིའུ་ལུང་མྱུར་བགྲོད་ལྕགས་ལམ་ནུབ་ཚུགས་ནས་རྒྱལ་ཡོངས་ཀྱི་འབབ་ཚུགས་96ལ་ཐད་ཀར་སྐྱོད་ཐུབ་ཅིང་། ཉིན་རེར་དུས་གཏན་མེ་འཁོར་གཏོང་ཐེངས་208ལས་མི་ཉུང་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།