དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བརྒྱད་ཀྱིས་བཏོན་དོན།

    2027ལོར་སླེབས་སྐབས་རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་ཐད་བདེ་འཇགས་དང་བློས་འགེལ་ཆོག་པའི་མཁོ་སྤྲོད་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར། བཟོ་འཕྲིན་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས་ཉིན་ཤས་གོང《“མི་ཐབས་རིག་ནུས་དང་བཟོ་སྐྲུན”ཟུང་དུ་འབྲེལ་བའི་ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་བསམ་འཆར》མཉམ་དུ་བཀྲམ་སྟེ་2027ལོར་སླེབས་སྐབས་རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་ཐད་བདེ་འཇགས་དང་བློས་འགེལ་ཆོག་པའི་མཁོ་སྤྲོད་ཐུབ་ནས་ཐོན་ལས་ཀྱི་གཞི་ཁྱོན་དང་མཐུན་རྐྱེན་སྦྱོར་བའི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་བརྟན་པོའི་ངང་སླེབས་རྒྱུ་རེད་ཅེས་བཏོན་ཡོད།

    བསམ་འཆར་ནང་གསར་གཏོད་རྨང་བརྟན་དང་། རིག་སྟོབས་རིམ་སྤོར། ཐོན་རྫས་ཚད་བརྒལ། བྱེད་པོ་གཙོ་བོ་སྐྱེད་སྲིང་། སྐྱེ་ཁམས་སྟོབས་ཆེ། བདེ་འཇགས་རམ་འདེགས། རྒྱལ་སྤྱིའི་མཉམ་ལས་སོགས་གཙོ་གནད་ལས་འགན་ཁག་7ལ་དམིགས་ཏེ་ཞིབ་ཕྲའི་བྱེད་ཐབས་རབ་དང་རིམ་པ་བཏོན་པའི་ནང་དུ་རིག་ནུས་ཉིང་ལྷེབ་ཀྱི་མཉེན་མཁྲེགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔེ་དབྱིབས་སྦྱོང་བརྡར་དང་རིགས་འདེད་བྱེད་ཐབས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། གཙོ་གནད་ལས་རིགས་ཀྱི་དཔེ་དབྱིབས་ཆེན་པོ་སྐྱེད་སྲིང་བྱེད་པ། དཔེ་དབྱིབས་ཆེན་པོའི་ལག་རྩལ་དེ་ཐོན་སྐྱེད་བཟོ་སྐྲུན་གྱི་ལྟེ་བའི་ལྷུ་ཚིགས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་ཀྱིས་བཟོ་ལས་འཕྲུལ་འཁོར་ཨ་མ་དང་བཟོ་ལས་འཕྲུལ་མིར་མཐུན་རྐྱེན་སྦྱོར་མགྱོགས་སུ་གཏོང་བ། འདུས་གྲུབ་བདེན་རྫུན་དབྱེ་འབྱེད་གཏིང་ཟབ་དང་། བཟོ་ལས་དཔེ་དབྱིབས་རྩིས་ཐབས་ཀྱི་བདེ་འཇགས་འགོག་སྲུང་། གྲངས་གཞི་སྲུང་སྐྱོང་སྦྱོང་བརྡར་སོགས་འགག་རྩའི་ལག་རྩལ་ཐད་འགག་སྒྲོལ་བྱེད་པ་བཅས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།