2025ལོར་རྒྱལ་ཡོངས་ཀྱི་གྲོང་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་33.69%ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། 2025ལོར་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་33.69%ཟིན་ཏེ་2024ལོ་ལས་བརྒྱ་ཆའི་གྲངས་1.82མཐོ་རུ་ཕྱིན་ནས་བརྟན་པོའི་ངང་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་གསལ། 2025ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་གྲོང་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་36.68%ཟིན་པ་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་30.58%ཟིན་ཏེ་2024ལོ་ལས་བརྒྱ་ཆའི་གྲངས་1.94དང་1.47སོ་སོར་འཕར་ཡོད། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་གྲོང་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་དེ་36.71%དང་། 32.98% 29.09%བཅས་སོ་སོར་ཟིན་ནས་2024ལོ་ལས་བརྒྱ་ཆའི་གྲངས་1.73དང་། 1.50 1.82བཅས་སོ་སོར་འཕར་ཏེ་ནུབ་རྒྱུད་ས་ཁུལ་དང་། དབུས་ཤར་ས་ཁུལ་དབར་གྱི་ཧེ་བག་ཆུང་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།