དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་གཙོ་བོའི་ལས་སྣོན་བྱེད་ཚད་75%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-10

    གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོ་ཚུན། རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས“ཡུལ་ཟོག”ལས་དོན་ཡག་པོ་བསྒྲུབ་པར་དམིགས་ཏེ། སྣེ་འདྲེན་ཁེ་ལས་སྟོབས་ཆེ་དང་། འཁོར་འབྲེལ་ཁ་གསབ། ལས་རྣམ་དར་རྒྱས། སྤུས་རྟགས་གཏོད་པ་བཅས་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། 2025ལོར། རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེ་བའི་ཞིང་ཞོར་ཐོན་རྫས་ལས་སྣོན་ཁེ་ལས་ཁྲི་10ལྷག་ཙམ་ཟིན་པ་དང་། སྔོན་དཔག་ལྟར་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་18ཙམ་དང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.2ཙམ་ཟིན་རྒྱུ་དང་། ཞིང་ཞོར་ཐོན་རྫས་གཙོ་བོའི་ལས་སྣོན་བྱེད་ཚད་75%ཟིན་རྒྱུ་ཡིན་པ་རེད།

    ཞིང་ལས་གྲོང་གསེབ་པུའུ་ཡིས་ཞིང་ཞོར་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཞོང་ཞོར་ཐོན་རྫས་ལས་སྣོན་གླིང་1600ལྷག་ཙམ་སྐྲུན་པར་རྒྱབ་སྐྱོར་བྱས་པ་དང་། ཞིང་ཞོར་ཐོན་རྫས་ལས་སྣོན་གྱི་གཙོ་གནད་ཚོད་ལྟ་ཁང་དང་། ལག་རྩལ་འདུས་གྲུབ་ཚན་ཞིབ་རྟེན་གཞི། ཞིབ་སྤེལ་ཡན་ལག་ལྟེ་གནས་བཅས་ཁག་གཅིག་བཙུགས་ནས། ཞིང་ཞོར་ཐོན་རྫས་ཀྱི་ལས་སྣོན་ལ་ཚན་རྩལ་གསར་གཏོད་བཀོལ་སྤྱོད་མགྱོགས་སུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།