དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀེ་ལིན་ལན་གླིང་ཕྲན་གྱི་ཙུང་ལིས་བརྗོད་དོན།

    ཀེ་ལིན་ལན་གླིང་ཕྲན་ཚོད་འཛིན་དང་ཧམ་བཟུང་བྱེད་པའི་སྐོར་གྱི་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཏམ་བཤད་ལ“དང་ལེན་གཏན་ནས་བྱེད་ཀྱི་མིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨའོ་སི་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཁོ་ཕེན་ཧ་ཀེན་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་4ཉིན་གྱི་དགོང་མོར། ཏེན་མག་གི་རང་སྐྱོང་མངའ་ཁོངས་ཏེ། ཀེ་ལིན་ལན་གླིང་ཕྲན་རང་སྐྱོང་སྲིད་གཞུང་གི་ཙུང་ལི་ཡན་སི—ཧྥུའུ་ལེ་ཏེ་ལི་ཁེ·ཉི་ཨེར་སིན་གྱིས་ཉེ་དུས་ཀེ་ལིན་ལན་གླིང་ཕྲན་ཚོད་འཛིན་དང་ཧམ་བཟུང་བྱེད་པའི་སྐོར་གྱི་ཨ་རི་ཕྱོགས་ཀྱི་གཏམ་བཤད་ལ“དང་ལེན་གཏན་ནས་བྱེད་ཀྱི་མིན”ཞེས་བརྗོད་པ་རེད།

    ཉིན་ཤས་གོང་། ཐེ་རོན་ཕུའུ་ཡིས་ཨ་རིའི《ནུབ་རྒྱ་མཚོ་ཆེན་པོ》ཞེས་པའི་ཟླ་རེའི་དུས་དེབ་ཀྱི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། ཝེ་ནེ་ཙུའེ་ལ་དེ་ཉིད་ཨ་རིས་ཐེ་གཏོགས་བྱེད་པའི་རྒྱལ་ཁབ་མཐའ་མ་དེ་ཡིན་མི་སྲིད་ཅེས་བརྗོད་པ་དང་འབྲེལ། “ང་ཚོར་ཀེ་ལིན་ལན་གླིང་ཕྲན་དགོས་ངེས་གཏན་རེད”ཅེས་བརྗོད་ཡོད། ཉིན་དེར་ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུའུ་ལེ་ཙེ་ལི་ཁེ་སེན་གྱིས། ཨ་རིར་ཀེ་ལིན་ལན་གླིང་ཕྲན་ཧམ་བཟུང་བྱེད་དབང་མེད་ཅེས་བརྗོད་པ་དང་འབྲེལ། ཨ་རི་ཕྱོགས་ལ་ཏེན་མག་དང་ཀེ་ལིན་ལན་གྱི་མི་དམངས་ལ་འཇིགས་སྣང་སྐུལ་མཚམས་འཇོག་དགོས་པའི་བླང་བྱའང་བཏོན་པ་རེད།

    མེ་གླིང་བྱང་མའི་བྱང་ཤར་རྒྱུད་དུ་ཡོད་པའི་ཀེ་ལིན་ལན་གླིང་ཕྲན་ནི་འཛམ་གླིང་ཐོག་གི་གླིང་ཕྲན་ཆེ་ཤོས་དེ་ཡིན་ཞིང་། གླིང་ཕྲན་དེ་ཏེན་མག་གི་རང་སྐྱོང་མངའ་ཁོངས་ཡིན་པ་དང་། ཚད་མཐོའི་རང་སྐྱོང་དབང་ཆ་ལྡན་པ། རྒྱལ་སྲུང་དང་ཕྱི་འབྲེལ་ལས་དོན་ལ་ཏེན་མག་སྲིད་གཞུང་གིས་དོ་དམ་བྱེད་ཀྱི་ཡོད། མིག་སྔར་ཀེ་ལིན་ལན་གླིང་ཕྲན་དུ་ཨ་རིའི་དམག་དོན་རྟེན་གཞི་ཞིག་ཡོད། ན་ནིང་ཐེ་རོན་ཕུའུ་ཡིས་ཨ་རིའི་ཙུང་ཐུང་གི་འགན་འཁུར་ཚུན། ཀེ་ལིན་ལན་གླིང་ཕྲན་རག་པ་བྱེད་ཀྱི་ཡིན་ཞེས་འུད་སྒྲོག་ཐེངས་མང་བྱས་པ་མ་ཟད། ད་དུང་དྲག་ཤུགས་མི་སྤྱོད་པའི་ངེས་པའང་མེད་ཅེས་བརྗོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།