ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་གིས་ལོར་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་ཁྲི་5000ལས་ཐོག་མར་བརྒལ་བ།
དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་རྒྱུག་ལམ་བཞི་པོ་དུས་གཅིག་ཏུ་འཁོར་སྐྱོད་བྱེད་པའི་གནམ་ཐང་ཐོག་མ་དེ་ཡིན་པའི་ཆ་ནས། ཅང་པེ་གནམ་ཐང་གི་གོ་ལ་ཧྲིལ་པོའི་སྦྲེལ་མཐུད་ནུས་པ་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད། མིག་སྔར། གནམ་ཐང་དུ་རྒྱལ་ཁབ་ཕྱི་ནང་ལ་ཤར་གཏོང་ཐུབ་པའི་མཁའ་འགྲུལ་ས་ཚིགས་ཁག་164ཡོད་པ་དང་། རྒྱལ་ནང་དུ་ཤར་གཏོང་ཐུབ་པའི་མཁའ་འགྲུལ་ལམ་ཐིག་ཁག་204ཡོད་པ། དངོས་སུ་འཕུར་སྐྱོད་བྱེད་བཞིན་པའི་རྒྱལ་སྤྱིའི(ས་ཁུལ)འགྲུལ་སྐྱེལ་མཁའ་ལམ་ཁག་38ཡོད་པ་དེ་ཨེ་ཤེ་ཡ་དང་། མེ་གླིང་བྱང་མ། ཡོ་རོབ་དང་རྒྱ་མཚོ་ཆེན་པོའི་གླིང་བཅས་ལ་ཁྱབ་ཡོད།

འདི་ནི་ཉེ་ཆར་འགྲུལ་ཞབས་པས་ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་གིས་ལོར་སྐྱེལ་འདྲེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་5000ལས་ཐོག་མར་བརྒལ་བའི་དྲན་གསོའི་གྱང་གི་མདུན་དུ་མཉམ་པར་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།