ཚེ་སྲོག་གསར་པ། རེ་བ་གསར་པ།

འདི་ནི་ཚེ་རིང་ལྷ་མོ(གཡོན་གྱི་གཉིས་པ)དང་ནང་མི་ཚོ་མཉམ་དུ་སྡོད་ཁང་གསར་པའི་མདུན་དུ་མཉམ་པར་རྒྱག་བཞིན་པ།

འདི་ནི་ཚེ་རིང་ལྷ་མོས་ཟླ་མགོ་ཚང་བའི་བུ་མོ་དབྱངས་ཅན་ལྷ་མོ་པང་དུ་ལེན་བཞིན་པ།
2025ལོའི་ཟླ་1ཚེས་7ཉིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8རྒྱག་སྐབས་དིང་རི་རྫོང་གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་ན་གཞོན་ཨ་མ་ཚེ་རིང་ལྷ་མོའི་ལོ་3ལ་སླེབས་པའི་ཕྲུ་གུ་རྐྱེན་ལམ་དུ་ཤོར་བ་རེད།
ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་3རིང་། འབྲེལ་ཡོད་སྡེ་ཚན་གྱིས་གེགས་ཁུལ་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་ཇུས་གཞི་མགྱོགས་མྱུར་བཟོས་པ་དང་། ཟླ་3པའི་ཟླ་འགོར་གེགས་རྗེས་བསྐྱར་སྐྲུན་བྱེད་འགོ་ཚུགས་པ་རེད།
ད་ཆ། ས་ཡོམ་གྱི་གནོད་འཚེ་ཕོག་ནས་ལོ་གཅིག་ཙམ་སོང་ཞིང་། ཚེ་རིང་ལྷ་མོའི་བུ་མོ་ཆུང་བ་དབྱངས་ཅན་ལྷ་མོ་སྐྱེས་ནས་ཟླ་བ་གཅིག་སོང་བ་དང་། ས་ཡོམ་རྒྱག་སྐབས་ཁོ་མོས་པང་དུ་བཟུང་བའི་ཟླ་བ་གཅིག་ལྷག་ཙམ་གྱི་ཕྲུ་གུ་དམར་འབྱར་སྐལ་བཟང་དཔལ་འཛོམས་ད་ཆ་གོམ་པ་སྤོས་ནས་གང་སར་འགྲོ་ཐུབ་ཀྱི་ཡོད། སྡོད་ཁང་གསར་པ་དང་ཚེ་སྲོག་གསར་པ་ལས་ཁྱིམ་ཚང་དེར་རེ་བ་གསར་པ་སྦྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།