དིང་རིའི་གེགས་རྗེས་བསྐྱར་སྐྲུན་ཐད“ལོ་དེ་རང་ལ་བསྐྱར་སྐྲུན་བྱས་ནས་མི་སྡོད་ཐུབ་པ”བྱུང་བ།

འདི་ནི་ལྷ་རྩེ་རྫོང་གཞིས་ཆེན་ཤང་གཞིས་ཆེན་གྲོང་ཚོའི་ཁྱིམ་ཚང་ཞིག་གི་ནང་མིས་སྡོད་ཁང་གསར་པའི་མདུན་དུ་པར་རྒྱག་བཞིན་པ།

འདི་ནི་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཕྲུ་གུ་ཚོས་གསར་དུ་བསྐྲུན་པའི་རྐང་རྩེད་སྤོ་ལོའི་ཐང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།
2025ལོའི་ཟླ་1ཚེས་7ཉིན་གྱི་ཞོགས་པར། ཇོ་རིའི་གཤམ་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་དང་། ལྷ་རྩེ། ས་སྐྱ། ས་དགའ། གཏིང་སྐྱེས་སོགས་རྫོང་མང་པོ་ཞིག་ལ་གནོད་འཚེ་ཕོག་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རོགས་སྐྱོབ་མི་སྣས་ཉིན་མཚན་དབྱེར་མེད་ངང་རོགས་རམ་བྱས་ནས་གངས་ལྗོངས་ས་མཐོར་རོགས་སྐྱོབ་ཀྱི“ལྕགས་རི་རིང་པོ”ཞིག་བསྐྲུན་ཡོད། ཀྲུང་དབྱང་གིས་དོ་ཁུར་དང་། རྒྱལ་ཡོངས་ཀྱིས་དོ་ཁུར། ལྗོངས་ཡོངས་ཀྱིས་དོ་ཁུར་བཅས་བྱས་ཏེ། 2025ལོའི་ཟླ་10པའི་ཟླ་མཇུག་ཏུ་བསྐྱར་སྐྲུན་དང་ཉམས་གསོ་བྱས་པའི་དམངས་ཀྱི་སྡོད་ཁང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རྩིས་སྤྲད་དེ“ལོ་དེ་རང་ལ་བསྐྱར་སྐྲུན་བྱས་ནས་མི་སྡོད་ཐུབ་པ”བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།