ནག་ཆུས་ཡུལ་སྐོར་སྐོར་ལམ་གསར་པ་བཟོས་པ།
“འཕྲང་འགག་མཛེས་ལྗོངས”གཞུང་ལམ་ལ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ།
ཉེ་ཆར། གསར་འགོད་པས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱས་པར། སྦྲ་ཆེན་རྫོང་བེན་མཐའ་ཤང་དམར་ཆུང་གྲོང་ཚོ་དང་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གད་དམར་གྲོང་ཚོའི་དབར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ཉེ་དུས་དངོས་སུ་ལེགས་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། ལམ་ཐག་ཧྲིལ་པོར་སྤྱི་ལེ་30ཙམ་ཡོད་པའི་གཞུང་ལམ་དེས་ལམ་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་གང་ལེགས་སྤྱད་པས་ས་ཁོངས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

འདི་ནི“འཕྲང་འགག་མཛེས་ལྗོངས”ཀྱི་ཐུན་མོང་མ་ཡིན་པའི་ས་དབྱིབས་ཡིན་པ།
འབྲེལ་ཡོད་གསར་འགྱུར།