དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཀྲུང་ཡས་ཤང་གིས་འཚོ་རྟེན་ལས་སྤྲོད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

    ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ། ལག་ཡོད་ཡོང་འབབ་བསྟུད་མར་འཕར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-10

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཀྲུང་ཡས་ཤང་ཏང་ཨུད་ཀྱིས་འཚོ་རྟེན་ལས་སྤྲོད་དེ་གྲོང་གསེབ་དར་རྒྱས་གཏོང་བའི“ཚད་བརྒལ་ཡོང་གཞིར”བརྩིས་ནས“ཏང་ཨུད་ཀྱིས་སྤྱི་འདོམས་བྱེད་པ་དང་། སྲིད་གཞུང་གིས་དོན་འཁྱོལ། ཀྲི་པུའུ་ཡིས་གཙོ་ཁྲིད། མཉམ་ལས་ཁང་གིས་ལག་བསྟར་བཅས་བྱེད་པའི”ལས་ཀའི་མ་ལག་བཙུགས་ཏེ། “འཚོ་རྟེན་ལས་སྤྲོད་དང་། རྒུད་སྐྱོབ་ལས་དར། ལས་ཞུགས་དམངས་ཕྱུག”བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས“ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་ལག་ཡོད་ཡོང་འབབ་བསྟུད་མར་འཕར་བར”བྱས་ཡོད།

    མང་ཚོགས་ཀྱི་དགོས་མཁོར་བསྟུན་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་པ།

    ཀྲུང་ཡས་ཤང་གི་ཆུ་བེད་སྒྲིག་བཀོད་ཨར་སྐྲུན་བྱ་ཡུལ་ཞིག་ཏུ་ལོ་25ལ་སླེབས་པའི་བུ་ལྷ་བུས་ལག་རྩལ་པ་དང་མཉམ་དུ་ཆུ་ཡུར་ཚད་འཇལ་བྱེད་བཞིན་ཡོད། “ཉིན་ལྟར་ཡོང་འབབ་སྒོར་200ཡོད་པའི་ཁར་ཉིན་དགུང་ཁྱིམ་དུ་ལོག་ནས་རྒན་རྒོན་ལ་ཁ་ལག་བཟོ་ཁོམ་ཡོད་པས་ཕྱིར་སྐྱོད་གླ་པ་རྒྱུག་པ་ལས་བློ་བདེ་བ་འདུག”ཅེས་ཁོང་གིས་ལག་ཏུ་གླ་ཕོགས་གསལ་ཐོ་ཁྱེར་ཏེ་དགའ་སྤྲོའི་ངང་བཤད།

    ཀྲུང་ཡས་ཤང་གིས“དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དང་ཡུལ་དེ་རང་དང་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི”ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། བྱེད་ཐབས་ཚང་མ་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ལ་དམིགས་པ་དང་མ་དངུལ་རེ་རེ་དང་རྣམ་གྲངས་རེ་རེ་ཚང་མ་ལས་དམངས་འཚོའི་ཕན་འབྲས་ཆེ་ཤོས་ཐོན་ཐུབ་པར་བྱས་ཡོད།

    2025ལོར་ལྷོ་རོང་རྫོང་དང་ཤང་རིམ་གཉིས་ཀྱིས་མཐུན་སྦྱོར་དམ་ཟབ་བྱེད་པ་དང་ཁྱོན་ཡོངས་ཀྱི་ལས་དོན་ལ་ཐུན་མོང་ཐོག་ཇུས་འགོད་བྱས་ནས་སྲིད་ཇུས་དང་རྣམ་གྲངས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་འབྲེལ“མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་རྣམ་གྲངས་སྤེལ་བའི”ལས་ཀའི་བླང་བྱར་ནན་པོ་གཞིར་བཟུང“རྣམ་གྲངས་མཛོད་དང་དགོས་མཁོའི་གསལ་ཐོ་ཟུང་འབྲེལ”གྱི་འགུལ་རྣམ་དོ་དམ་ལམ་སྲོལ་བཙུགས་པ་དང་ཆབས་ཅིག མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་སོགས་ཀྱི་དམངས་འཚོའི་རྣམ་གྲངས་དག་འཚོ་རྟེན་ལས་སྤྲོད་ཀྱི་ཁྱབ་ཁོངས་སུ་བཅུག་སྟེ་མང་ཚོགས་ལ་ཕན་པ་དང་འབབ་འཕར་ཡོང་བར་བྱས་པ་རེད།

    “ཤུགས་ལས་པ”ནས“ལག་རྩལ་པའི”བར་གྱི་འགྱུར་ལྡོག

    “དང་ཐོག་སོ་ཕག་དབོར་བ་དང་ས་རྒྱོང་བའི་ཤུགས་ལས་ཁོ་ན་ལས་ཤེས་ཀྱི་མེད། ད་ཆ་ལག་རྩལ་པའི་ས་ནས་གྱང་རྩིག་སྟངས་དང་ཚད་འཇལ་བ་སོགས་ཀྱི་རྩལ་ནུས་ཤེས་ཏེ་ང་རང་ཡང‘ལག་རྩལ་པ’ཞིག་ཏུ་གྱུར་ནས་ཉིན་ལྟར་གླ་ཆ་སྒོར་500ལེན་རྒྱུ་ཡོད”ཅེས་ཀྲུང་ཡས་ཤང་གཙོད་གྲོང་ཚོའི་ཡུལ་མི་ཟླ་ཚེས་བྱང་ཆུབ་པོས་གྱང་ངོས་ཀྱི་དྲང་འཕྱང་ཚད་འཇལ་བཞིན་དེ་ལྟར་བཤད།

    མང་ཚོགས་ཀྱི་འགྱུར་ལྡོག་ནི་ཀྲུང་ཡས་ཤང་གི་གནད་སྨིན་ཇུས་འདོན་གྱི་སྣ་འདུས་ཐབས་བཟང་ལས་བྱུང་བ་ཞིག་རེད། མང་ཚོགས་དེའི་ཁྲོད་ཞུགས་པའི་ཧུར་སེམས་འཕེལ་བ་བྱ་ཆེད། ཀྲུང་ཡས་ཤང་གིས་མང་ཚོགས་སྐུལ་སློང་ཚོགས་འདུ་ཐེངས་12འཚོགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་800ལྷག་ཙམ་སྤྲད་ནས། གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས་འཚོ་རྟེན་ལས་སྤྲོད་ཀྱི་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་རེད།

    “ལྟད་མོ་བ”ནས“འཛུགས་སྐྲུན་པའི”བར་གྱི་འགྱུར་ལྡོག

    “ཏང་ཡོན་ཞིག་ཡིན་པའི་ངོས་ནས་ངས་སྣེ་ཁྲིད་དེ་ཆུ་ཡུར་བཟོ་བ་དང་བྱ་བ་དངོས་ཏན་ཏིག་བསྒྲུབས་ཚེ་ཡུལ་མི་ཚོའི་ཡིད་ཆེས་ལ་ངོ་གནོང་མི་དགོས་པ་ཞིག་ཡོང་ཐུབ” ཀྲུང་ཡས་ཤང་གཙོད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ངག་དབང་གིས་ཐོག་མཐའ་བར་གསུམ་དུ་གདོང་སྐྱོད་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་བྱེད་ཀྱི་ཡོད།

    ཀྲུང་ཡས་ཤང་དུ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པ་ནི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི“ཚད་འཛིན་ས”ཡིན་ཞིང་། ཤང་ཏང་ཨུད་ཀྱིས་ཕྱོགས་མང་པོའི་སྟོབས་ཤུགས་སྤྱི་འདོམས་ངང་ཕྱོགས་བསྡུས་ཅན་གྱི་ལྟ་སྐུལ་མ་ལག་འཛུགས་པ་དང་། གྲོང་ཚོའི་ཏང་ཀྲི་པུས་འཐབ་ས་མདུན་མར་སྐྱོད་པ། ཏང་ཡོན་ལས་བྱེད་པས་མཁྲེགས་སར་གཏུག་པ་བཅས་བྱས་ཏེ་བཙན་རྫོང་གི་ནུས་པ་དངོས་སུ་ཐོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།