དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་སྨན་བཅོས་འགན་བཅོལ་ལས་དམངས་བདེ་དམངས་ཕན་ལ་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-10

    ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2025ལོ་ནས་བཟུང་སྟག་རྩེ་ཆུས་ཀྱི་སྨན་བཅོས་འགན་བཅོལ་ལས་དོན་དེ་མང་ཚོཌ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིཌ་ཏེ་དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པ་བརྒྱུད་སྲིད་ཇུས་ཀྱི་ཁེ་སྤོགས་གཞི་རིམ་དུ་ཐད་ཀར་ཁྱབ་ཡོད། གྲངས་གཞི་ལས་མངོན་པར། མིག་སྔའི་བར་སྟག་རྩེ་ཆུས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དྲ་ཕྱིར་སྨན་རིན་རྩིས་ཞུ་བྱེད་མཁན་མི་ཐེངས་558ཟིན་པར་སྨན་བཅོས་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི་518.63ཟིན་པ་དང་། མི་ཐེངས་112ལ་བུ་བཙའི་རྩིས་ཞུའི་འགན་གཙང་གི་དངུལ་སྤྲད་པར་རྩིས་ཞུའི་དངུལ་གྲངས་སྒོར་ཁྲི་240.88ཟིན་ཡོད།

    “གྲངས་གཞི་འཁོར་རྒྱུག་མང་ཙམ་དང་མང་ཚོཌ་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ”མངོན་འགྱུར་བྱ་ཆེད། སྟག་རྩེ་ཆུས་ཀྱིས་ཞབས་ཞུ་གཤམ་སྤེལ་དང་བརྒྱུད་རིམ་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཁོངས་གཏོཌ་ཁུལ་གྱི“ཤང་ལྔ་དང་གྲོང་རྡལ་གཅིག” དེ་བཞིན་གྲོང་ཚོ(གྲོང་ལྷན)23ལ་སྨན་བཅོས་འགན་བཅོལ་ཞབས་ཞུའི་དྲ་ཚིགས་ཡོངས་སུ་ཁྱབ་པ་མ་ཟད། སྟག་རྩེ་ཆུས་མི་དམངས་སྨན་ཁང་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་ལ་བརྟེན་ནས་གཞི་རིམ་གྱི་ཞབས་ཞུའི་ས་ཚིགས་བཙུགས་པ་དང“སྐར་མ་15ནང་ཚུན་གྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ཁུལ”བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།