དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཐོ་རིམ་སློབ་གསོས་ཤེས་ལྡན་པའི“སྒུལ་ཤུགས་ཆེན་པོ”འཕེལ་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་3ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་མཐོ་རིམ་སློབ་གསོས་བཀོད་པ་ལེགས་གཏོང་དང་། གཞི་ཁྱོན་རྒྱ་སྐྱེད། སྤུས་ཚད་མཐོ་གཏོང་། འདེགས་སྐྱོར་ཤུགས་ཆེན་བཅས་བྱས་པས་མཐོ་རིམ་སློབ་གསོར་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་ཤེས་ལྡན་པ་དང་བློ་རིག་གི་འདེགས་སྐྱོར་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་མཐོ་རིམ་སློབ་གསོའི་བཀོད་པ་ཟམ་མི་ཆད་པར་ལེགས་སུ་བཏང་བ་མ་ཟད། སློབ་གསོ་པུས་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ཏེ། དངོས་གཞིའི་ཚན་ཁག་གི་སློབ་ཆེན་གཉིས་འཛུགས་རྒྱུའི་ཆོག་མཆན་སྤྲད་པས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་ལས་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་ཆེན་མེད་པའི་སྟོང་ཆ་བསྐངས་ཡོད། རིག་ཚན་གྱི་ཆེད་ལས་གྲུབ་ཆ་ལེགས་སུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་དང་། ཚྭ་མཚོའི་ཐོན་ཁུངས། ནུས་རྒྱུ་གཙང་མ། དེང་རབས་ཞིང་འབྲོག་ལས། སྐྱེ་ཁམས་ཡུལ་སྐོར་སོགས་རིག་ཚན་ཆེད་ལས་ཚོགས་པ་གཙོ་གནད་ཐོག་བཙུགས་ཏེ། འབུམ་རམས་པའི་ས་ཚིགས་9དང་རབ་འབྱམས་པའི་ས་ཚིགས་40གསར་དུ་བསྣན་པ་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཆེད་ལས་60%ལྷག་ཙམ་ཟིན་ནས་རིག་ཚན་ཆེད་ལས་དང་ཐོན་ལས་སྙོམས་སྒྲིག་རྒྱུན་མཐུད་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མའི་གསོ་སྐྱོང་གཞི་ཁྱོན་རྒྱུན་མཐུད་རྒྱ་ཆེར་བཏང་བ་དང་། སློབ་གྲྭ་འགྲིམ་མུས་ཀྱི་སློབ་མའི་གཞི་ཁྱོན་ཁྲི་2ལྷག་ཙམ་འཕར་བ། ཞིབ་འཇུག་སློབ་མའི་གཞི་ཁྱོན་67%འཕར་བ། 2025ལོའི་མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་55%ཡས་མས་ཟིན་ནས་བརྒྱ་ཆའི་གྲངས་10ཙམ་འཕར་ཏེ་རྒྱལ་ཡོངས་དང་ཧེ་བག་ཆུང་དུ་གང་མགྱོགས་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལག་ལེན་བསྟར་ནས་རིམ་རྩིས་བརྒྱབ་ན་སློབ་ཆེན་སློབ་ཐོན་སློབ་མ་ཁྲི་14ཡན་གསོ་སྐྱོང་བྱས་པའི་ཁྲོད་ནས་སློབ་མ་70%ཙམ་མཚོ་སྔོན་དུ་ལས་ཀར་ཞུགས་ནས་ལས་རིགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

    མཐོ་སློབ་ཀྱིས་རིམ་མཐོའི་ཤེས་ལྡན་པ་གདན་ཞུ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་ལས་ཆེད་བསྐོས་དགེ་རྒན་ཁྲོད་རབ་འབྱམས་པ་ཡན་གྱི་བསླབ་གནས་ཀྱིས་74%ཡན་ཟིན་པ་དང་། འབུམ་རམས་པའི་དགེ་རྒན་1166གདན་ཞུ་གསོ་སྐྱོང་བྱས་པ། མཆོག་རམས་པའི་ཚན་ཞིབ་སྐོར་སྐྱོད་ས་ཚིགས་4ལ་ཆོག་མཆན་ཐོབ་པ། ཡོན་ཧྲིའི་ལས་དོན་ས་ཚིགས་2བཙུགས་པ་བཅས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་རྒྱུན་མཐུད་དང་བརྟན་པོ་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།