དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཕྲིན་ལན་དེ་ནི་ངའི་སྒྱུ་རྩལ་ལམ་བུའི་ཐོག་གི་སྐུལ་ལྕག་ཆེ་ཤོས་དེ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོང་ཕེ་ཀྲའོ།   |     སྤེལ་དུས།  2026-01-09

    “ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཕུལ་དུ་བྱུང་བའི་རྒྱལ་ཁབ་ཆེ་མོའི་འགོ་ཁྲིད་པ་ཞིག་རེད། ཁོང་གིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐད་བཞེད་ཚུལ་ཟབ་མོ་འཛིན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་སྐབས་ངར་དགའ་ཚོར་ཆེན་པོ་སྐྱེས་བྱུང”ཞེས་དགུང་ལོ་བརྒྱད་ཅུར་སླེབས་པའི་ཨེ་ཅིབ་ཀྱི་ཧོ་ལེ་ཝན་སློབ་ཆེན་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་གྲགས་ཅན་རི་མོ་བ་ཨའེ་ཧ་མའེ་ཏེ·ནཱ་ཝར་གྱིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་འདི་ལྟར་བརྗོད།

    2023ལོའི་ཟླ་4པར། ཨེ་ཅིབ་ཀྱི་ཁེ་རོར་གཉེར་བའི“དར་གོས་ལམ་བུར་སྒྱུ་རྩལ་པ་མང་པོ་གཅིག་ཏུ་འདུས། ཀྲུང་གོ་དང་ཨ་རབ་ཀྱི་གྲགས་ཅན་སྒྱུ་རྩལ་པའི་ལྟ་ཞིབ་ཉམས་ལེན་བརྩམས་ཆོས་འགྲེམས་སྟོན”དང་ཀྲུང་གོ་དང་ཨ་རབ་ཀྱི་སྒྱུ་རྩལ་མཁས་པའི་གླེང་མོལ་བྱེད་སྒོར་ནཱ་ཝར་གྱིས་ཨ་རབ་ཀྱི་སྒྱུ་རྩལ་པའི་འཐུས་མིའི་ངོས་ནས་ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྲིས་པའི་མིང་འབྲེལ་འཕྲིན་ཡིག་བཀླགས་པ་རེད།

    ནཱ་ཝར་གྱིས“འཕྲིན་ཡིག་ནང་ང་ཚོས་ལོ་10ལྷག་ཙམ་རིང‘དར་གོས་ལམ་བུར་སྒྱུ་རྩལ་པ་མང་པོ་གཅིག་ཏུ་འདུས་པའི’ཀྲུང་གོར་འཚམས་འདྲི་དང་ལྟ་ཞིབ་ཉམས་ལེན་བྱེད་སྒོར་ཞུགས་པའི་མཐོང་ཐོས་མཉམ་སྤྱོད་བྱས་པ་དང་འབྲེལ་ཨ་རབ་དང་ཀྲུང་གོའི་དབར་གྱི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་རེ་སྒུག་དང་ཡིད་ཆེས་མཚོན་པར་བྱས་ཡོད”ཅེས་བརྗོད་ཅིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་མར་འཕྲིན་ལན་སྤྲིངས་ཏེ་ཚང་མར་མཛེས་པ་ཆེན་པོའི་སྒྱུ་རྩལ་ལ་བརྟེན་ནས་ཨ་རབ་དང་ཀྲུང་གོའི་དབར་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་སྒྱུ་རྩལ་བརྩམས་ཆོས་དེ་བས་མང་བ་བརྩམས་ཏེ། ཀྲུང་གོར་སྡོད་རིང་གི་ཉམས་ལེན་དང་མྱོང་ཚོར་དག་མཉམ་སྤྱོད་བྱས་ནས། ཨ་རབ་ཀྱི་གྲོགས་པོ་དེ་བས་མང་བས་ཀྲུང་གོ་མྱོང་ཚོར་དང་ཀྲུང་གོ་ཤེས་རྟོགས་བྱེད་པ་དང་ཀྲུང་གོ་མི་དམངས་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེའུ་གསར་པ་རྩོམ་དགོས་པའི་ལྕག་སྐུལ་གནང་ཡོད”ཅེས་བརྗོད།

    ནཱ་ཝར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ཞིབ་པར་བཀླགས་རྗེས་ང་རང་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། “སྒྱུ་རྩལ་ལས་དོན་པ་ཞིག་གི་ངོས་ནས་ངས་རང་ཉིད་ཀྱི་བརྩམས་ཆོས་ལ་རྒྱལ་མཚམས་སྒྲོལ་བ་དང་རིག་གནས་ལས་བརྒལ་བའི་སྟོབས་ཤུགས་ཡོད་མེད་ལ་རྟག་ཏུ་བསམ་གཞིག་བྱེད་ཀྱི་ཡོད། འཕྲིན་ལན་དེ་ནི་ངའི་སྒྱུ་རྩལ་ལམ་བུའི་ཐོག་གི་སྐུལ་ལྕག་ཆེ་ཤོས་དེ་ཡིན། དེ་ནས་བཟུང་། རི་མོར་བརྟེན་ནས་ཨ་རབ་དང་ཀྲུང་གོའི་དབར་གྱི་མཛའ་བརྩེ་ཟབ་ཏུ་གཏོང་བའི་དད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། ཨ་རབ་དང་ཀྲུང་གོའི་དབར་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚད་རྒྱུན་མི་ཆད་པར་ཟབ་ཏུ་འགྲོ་བ་དང་བསྟུན་ནས། རང་ཉིད་ཀྱི་སྒྱུ་རྩལ་ལམ་བུར་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

    2013ལོར་ནཱ་ཝར་ཀྲུང་གོར་རི་མོ་འབྲི་བར་ཐེངས་དང་པོ་ཡོང་ཞིང་། ཁོང་གིས“ཤིན་ཅང་དུ་ཡུལ་དེ་གའི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ཀྱིས་ངའི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཤིན་ཅང་གི་སྤྱི་ཚོགས་ཉམས་འགྱུར་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་ཤུལ་བཞག འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱས་པར་ཕན་པ་ཆེན་པོ་ཐོབ་བྱུང་། ཤིན་ཅང་གི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ལས་ངའི་གསར་རྩོམ་གྱི་རིག་ཀློང་རྡོལ་ནས་རི་མོ་30ལྷག་ཙམ་བྲིས་པ་ཡིན། རི་མོ་དེ་དག་ལ་བརྟེན་ནས་ཨ་རབ་རྒྱལ་ཁབ་དང་ཐ་ན་འཛམ་གླིང་ཡོངས་ལ་དངོས་ཡོད་ཀྱི་ཤིན་ཅང་ངོ་སྤྲོད་བྱེད་པ་དང་རི་མོའི་ཐོག་ནས་ཀྲུང་གོར་བཅངས་པའི་དགའ་ཞེན་དང་བརྩི་འཇོག་མཚོན་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    དེ་རྗེས་ནཱ་ཝར་ཀྲུང་གོར་ཐེངས་མང་ཡོང་ཞིང་། ཁོང་གིས་ཀྲུང་ཧྭའི་ས་གཞི་ཆེན་པོའི་མཛེས་སྡུག་ལྡན་པའི་རི་ཀླུང་དང་། ཕུན་སུམ་ཚོགས་པའི་རང་བྱུང་རིག་གནས་ཤུལ་བཞག དེ་བཞིན་ཀྲུང་གོའི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་མཛེས་པ་དང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་ཧང་སངས་ཀྱི་ཡོད། ཀྲུང་གོའི་ས་ཆ་མང་པོ་ཞིག་ཏུ་འཚམས་འདྲིར་བསྐྱོད་པའི་མྱོང་བ་ལས་ཁོང་གིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་གོ་བ་དེ་བས་གཏིང་ཟབ་ཏུ་སོང་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་རིག་གནས་ཀྱིས་སེམས་ཁམས་འབྲེལ་མཐུད་ཐུབ་པ་དང་སྒྱུ་རྩལ་གྱིས་འཛམ་གླིང་དང་འབྲེལ་གཏུག་བྱེད་ཐུབ་ཅེས་བསྟན་ཡོད། དེ་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་སྤེལ་རེས་ལ་མཐོང་ཆེན་གནང་བ་མཚོན་ཡོད་ལ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་བ་བརྒྱུད་མི་དམངས་ཀྱི་མཛའ་གྲོཌ་ཟབ་ཏུ་གཏོང་བ་དང་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་རེ་འདོད་ཀྱང་མཚོན་ཡོད”ཅེས་ནཱ་ཝར་གྱིས་བརྗོད་ཅིང་། ཁོང་གིས་སྒྱུ་རྩལ་སྤེལ་རེས་ལས་ཨ་རབ་ཀྱི་དམངས་ཚོགས་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ནཱ་ཝར་གྱིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་དང་ཀྲུང་གོའི་དབར་གྱི་ཤེས་དཔལ་སྤེལ་རེས་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། སྐུ་ངོ་མས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་ནས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཤེས་དཔལ་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་བཏང་སྟེ། བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་ཐུན་མོང་ཐོག་ཡར་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུའི་འབོད་སྐུལ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ནི་ཨ་རབ་ཀྱི་སྒྱུ་རྩལ་པའི་སྒྱུ་རྩལ་གསར་རྩོམ་ལ་ཁས་ལེན་གནང་བ་ཞིག་རེད་ལ། ཨ་རབ་དང་ཀྲུང་གོའི་དབར་འབྱུང་འགྱུར་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་བའི་འདུན་པ་བཟང་པོ་ཞིག་ཀྱང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ངའི་གསར་རྩོམ་གྱི་ཁ་ཕྱོགས་བརྟན་དུ་སོང་བ་དང་། སྒྱུ་རྩལ་སྦྲེལ་ཟམ་དུ་བྱས་ཏེ་ཨ་རབ་དང་ཀྲུང་གོའི་ཤེས་དཔལ་མཉམ་འགུལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད། ངས་སྒྱུ་རྩལ་གསར་རྩོམ་བརྒྱུད་ཀྲུང་གོའི་གཏམ་རྒྱུད་རྒྱུན་འཁྱོངས་ལྷོད་མེད་ངང་བརྗོད་ནས་ཨ་རབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་བརྒྱུད་སྤྲོད་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།