ཐོངས་མཆན་མི་དགོས་པའི་ཀྲུང་གོའི་འགྲུལ་པ་ཁག་དང་པོ་ཐུར་ཁེར་འབྱོར་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ཐན་པུར་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོའི་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་ནས་ཐུར་ཁེར་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུ་མང་པོ་དབྱི་སི་ཐན་པུར་གྱི་གནམ་ཐང་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད། ཐུར་ཁེས་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཉིན་དེ་རང་དུ་གོ་ཆོད་པའི་ལག་བསྟར་བྱས་པ་དང་ཆབས་ཅིག་ཐོངས་མཆན་མི་དགོས་པའི་ཀྲུང་གོའི་འགྲུལ་པ་ཁག་དང་པོ་ཐུར་ཁེར་འབྱོར་ཡོད་པ་རེད།
ཉིན་དེར་ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་དབྱི་སི་ཐན་པུར་ལས་གཉེར་པུའུ་ཡིས་གནམ་ཐང་དུ་བྱེད་སྒོ་སྤེལ་ནས་ཐོངས་མཆན་མི་དགོས་པར་འབྱོར་བའི་ཀྲུང་གོའི་འགྲུལ་པ་ཁག་དང་པོར་བསུ་བ་ཞུས་པ་དང་འབྲེལ་འགྲུལ་པ་ཚོར་དྲན་རྟེན་དངོས་པོའང་སྤྲད་ཅིང་། ལས་གཉེར་པུའི་སྤྱི་ཁྱབ་ཅིང་ལི་ཞུས་ཅ་ཧྥུང་གིས། ཐོངས་མཆན་མི་དགོས་པའི་བྱ་ཐབས་ལག་བསྟར་བྱས་རྗེས་འགྲུལ་པ་མང་དུ་འགྲོ་སྲིད་པའི་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ད་ལོའི་ཟླ་3པ་ནས་བཟུང་ཀོང་ཀྲོའུ་དང་། པེ་ཅིང་། ཝུའུ་ལུའུ་མུའུ་ཆི་བཅས་ནས་དབྱི་སི་ཐན་པུར་ཐད་ཀར་འཕུར་མཁན་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་གཏོང་རྩིས་ཡོད་པ་དང་། སྐབས་དེར་གཟའ་འཁོར་རེར་དུས་གཏན་གནམ་གྲུ་17མང་དུ་བཏང་ནས་ཀྲུང་གོ་དང་ཐུར་ཁེའི་དབར་གྱི“མཁའ་ལམ་གྱི་དར་གོས་ལམ་བུ”སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།