དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཧར་པིན·འཛམ་གླིང་ཧྲི་ཀྲང་གླེང་མོལ”ཐོག་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-09

    འདི་ནི་འཁྲབ་སྟོན་པས“ཧར་པིན·འཛམ་གླིང་ཧྲི་ཀྲང་གླེང་མོལ”གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།

    ཟླ་1ཚེས་6ཉིན། “ཧར་པིན·འཛམ་གླིང་ཧྲི་ཀྲང་གླེང་མོལ”ཞེས་པ་ཧེ་ལུང་ཅང་ཧར་པིན་དུ་འགོ་ཚུགས་པ་རེད། བྱེད་སྒོ་དེ“གངས་འཁྱགས་ཀྱིས་འཛམ་གླིང་འབྲེལ་མཐུད་བྱེད། མཉམ་ལས་གཉིས་ཁེས་འབྱུང་འགྱུར་ལ་ཕན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཁ་ན་ཏ་དང་། ཧྥིན་ལན། འཇར་མན། ཀེ་རི་སེ། ཧན་གོ ཐེ་ལན། ཐུར་ཁེ། ཀྲུང་གོ་སོགས་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་ཧྲི་ཀྲང་དང་། ཧྲི་ཀྲང་གཞོན་པ། དེ་བཞིན་ཧྲི་ཀྲང་གི་འཐུས་མི་བཅས་ཚོགས་འདུར་ཞུགས་ནས་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    བྱེད་སྒོའི་རིང་། ཚོགས་ཞུགས་སྐུ་མགྲོན་གྱིས་ཧར་པིན་གངས་འཁྱགས་འཛམ་གླིང་ཆེན་པོ་དང་། ཁྲོམ་གཞུང་རྙིང་པའི་ཀྲུང་དབྱང་ཁྲོམ་གཞུང་ཆེ་མོ། ཧར་པིན་བཟོ་ལས་སློབ་ཆེན་འཇིག་རྟེན་འཕུར་སྐྱོད་ཁང་སོགས་ལ་འཚམས་འདྲི་བྱས་ཏེ། ཟུར་ཚད་མི་འདྲ་བའི་ཐོག་ནས་ཧར་པིན་གྱི་གངས་འཁྱགས་དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། ཚན་རྩལ་གྱི་མཐུན་རྐྱེན་སྦྱར་བའི་གངས་འཁྱགས་ཐོན་ལས། “གངས་འཁྱགས་IP”འཛུགས་གཏོད་སོགས་ཐད་ཀྱི་ཐབས་ལམ་ཤེས་རྟོགས་བྱས་པ་རེད། ཚེས་7ཉིན“ཧར་པིན·འཛམ་གླིང་ཧྲི་ཀྲང་གླེང་མོལ”ཐོག་སྐད་ཆ་ཤོད་རེས་ཀྱི་བྱེད་སྒོ་གཙོ་བོ་གཉེར་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་རང་སོ་སོའི་གྲོང་ཁྱེར་གྱི་གངས་འཁྱགས་ཐོན་ལས་འཕེལ་རྒྱས་དང་གྲོང་ཁྱེར་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་གི་རེ་བ་མཉམ་སྤྱོད་བྱས་པ་རེད།

    “འཛམ་གླིང་ཧྲི་ཀྲང་གླེང་མོལ”ཞེས་པའི་བྱེད་སྒོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་ཞིག་ཡིན་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་ཞིང་། བྱེད་སྒོའི་དམིགས་ཡུལ་ནི་རྒྱལ་སྤྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་མཉམ་ལས་ཤུགས་ཆེར་གཏོང་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།