ཁམ་ཕུ་ཁྲེས་ཁམ་ཕུ་ཁྲེ་དང་ཐེ་ལན་མཉམ་འབྲེལ་མཐའ་མཚམས་ཨུ་ལྷན་གྱི་དམིགས་བསལ་ཚོགས་འདུ་འཚོག་རྒྱུའི་གྲོས་འགོ་སླར་ཡང་བཏོན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁམ་ཕུ་ཁྲེའི་མཐའ་མཚམས་ལས་དོན་རྒྱལ་དོན་དྲུང་ཡིག་ཁྲུའུ་ཡིས་གསར་འགྱུར་སྤེལ་ནས་ཁྱབ་བསྒྲགས་བྱས་དོན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཐེ་ལན་ལ་ཟླ་འདིའི་གཟའ་འཁོར་གཉིས་པའམ་ཡང་ན་གསུམ་པར་ཁམ་ཕུ་ཁྲེའི་ཤན་ལེ་ཞིང་ཆེན་དུ་ཁམ་ཕུ་ཁྲེ་དང་ཐེ་ལན་མཉམ་འབྲེལ་མཐའ་མཚམས་ཨུ་ལྷན་གྱི་དམིགས་བསལ་ཚོགས་འདུ་འཚོགས་ནས་རྩད་ཞིབ་ཐིག་ལེན་དང་ས་མཚམས་དབྱེ་འབྱེད་སྐོར་ལ་གྲོས་བསྡུར་བྱ་རྒྱུ་དང་འབྲེལ། ཐེ་ལན་དམག་དཔུང་གིས་ཁམ་ཕུ་ཁྲེའི་མངའ་ཁོངས་ཆ་ཚང་དང་བདག་དབང་ལ་བཙན་གནོད་བྱས་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་གྲོས་འགོ་སླར་ཡང་བཏོན་པ་རེད།
ཁམ་ཕུ་ཁྲེའི་མཐའ་མཚམས་ལས་དོན་རྒྱལ་དོན་དྲུང་ཡིག་ཁྲུའུ་ཡིས་2025ལོའི་ཟླ་12ཚེས་29ཉིན་གསར་འགྱུར་སྤེལ་ནས་ཁྱབ་བསྒྲགས་བྱས་དོན། ཁམ་ཕུ་ཁྲེ་ཡིས་2026ལོའི་ཟླ་དང་པོའི་གཟའ་འཁོར་དང་པོར་ཤན་ལེ་ཞིང་ཆེན་དུ་ཁམ་ཕུ་ཁྲེ་དང་ཐེ་ལན་མཉམ་འབྲེལ་མཐའ་མཚམས་ཨུ་ལྷན་གྱི་ཛ་དྲག་གི་དམིགས་བསལ་ཚོགས་འདུ་འཚོག་རྒྱུའི་གྲོས་འགོ་བཏོན་པ་དང་། 2025ལོའི་ཟླ་12ཚེས་30ཉིན་ཐེ་ལན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཉི་ཁང་ཏེས་མིག་སྔར་ཐེ་ལན་སྲིད་གཞུང་ཉིད་ལྟ་སྲུང་གི་རྣམ་པར་གནས་པ་དང་། དེ་བཞིན་མཐའ་མཚམས་ས་ཁུལ་དུ་ད་དུང་ས་འོག་འབར་མདེལ་ཡོད་པས་བདེ་འཇགས་མེད་པའི་གནས་ཚུལ་ལ་གཞིགས་ཏེ། ཐེ་ལན་ཕྱོགས་ཀྱིས་གནས་སྐབས་ཐེ་ལན་དང་ཁམ་ཕུ་ཁྲེའི་མཉམ་འབྲེལ་མཐའ་མཚམས་ཨུ་ལྷན་གྱི་དམིགས་བསལ་ཚོགས་འདུ་འཚོག་ཐབས་བྲལ་བའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།