དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲུལ་པ་མི་ཐེངས་དུང་ཕྱུར་1ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-09


    འདི་ནི་ཟླ་1ཚེས་6ཉིན་པར་བརྒྱབ་པའི་ཀང་ཀྲུའུ་ཨའོ་ཟམ་ཆེན་ཡིན་པ།

     ཟླ་1ཚེས་6ཉིན་ཞོགས་པ་སྔ་པོ་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་ཀྲུའུ་ཀང་འགྲུལ་པ་ཞིབ་བཤེར་ཚོམས་ཆེན་དུ་འགྲུལ་པ་ཧ་ཅང་མང་པོ་ཡོད། ཀང་ཀྲུའུ་ཨའོ་ཟམ་ཆེན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉིན་དེའི་ཆུ་ཚོད་8པ་ཙམ་བར་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་གཡོད་ཀང་ཨའོ་ས་ཁུལ་གསུམ་ལ་འགྲོ་འོང་བྱེད་པའི་འགྲུལ་པ་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་1ལྷག་ཙམ་ཟིན་ཡོད་པ་རེད།

    ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་2018ལོའི་ཟླ་10པར་བསྐྲུན་ནས་ཤར་གཏོང་བྱས་པ་དང་དེས་ས་ཁམས་འབྲེལ་མཐུད་ཙམ་མ་ཟད། མི་སེམས་མཉམ་འདྲེས་ཐུབ་སྟེ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མང་ཤོས་ཀྱི་བགྲོད་ལམ་གྲས་ཤིག་ཏུ་འགྱུར་བཞིན་ཡོད། 2025ལོར། ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་པའི་འགྲུལ་པ་ལོ་གཅིག་ནང་མི་ཐེངས་ཁྲི་3000ལས་ཐོག་མར་བརྒལ་ཏེ་2019ལོ་ལས་140%ལྷག་འཕར་ཡོད་པ་རེད།

    “ཨའོ་མོན་ནས་ནང་སར་སྐྱོད་པ”དང“ཤང་ཀང་ནས་ནང་སར་སྐྱོད་པ”སོགས་སྲིད་ཇུས་ཀྱི་ཕན་པ་ཐོབ་པ་དང་དེ་བཞིན་རྒྱལ་སྒྲོལ་གཏོང་སྤྲོད་དང་སྲིད་དོན་ཞབས་ཞུ“རྒྱལ་སྒྲོལ་ཀུན་སྒྲུབ”སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་བ་དང་བསྟུན་ནས། ཟམ་ཆེན་གྱིས་ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་དེ་བས་མང་བ་ནང་སར་ཡོང་ནས་བྱ་གཞག་འཕེལ་རྒྱས་གཏོང་བ་དང་གཞིས་སྡོད་ལས་སྒྲུབ་བྱས་ཏེ་མེས་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། གྲངས་གཞི་ལས་མངོན་པར། ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་མི་ཐེངས་ཁྲི་5873ལས་བརྒལ་བ་དེས་འགག་སྒོའི་འགྲུལ་པའི་བསྡོམས་འབོར་གྱི་58.7%བཟུང་བ་དང་། མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ཐོ་འགོད་བྱས་པ་བརྒྱུད“ཤང་ཀང་དང་ཨའོ་མོན་ནས་ནང་སར་བསྐྱོད་པའི”ཁ་ལོ་བ་ཁྲི་20.9དང་རླངས་འཁོར་ཁྲི་17.4ལྷག་ཙམ་སོ་སོར་ཟིན་ཡོད་པ་རེད། 


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།