དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་བདམས་པའི་2025ལོའི་རྒྱལ་སྤྱིའི་ལུས་རྩལ་པ་ཡག་ཤོས་བཅུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    ལན་ཏུའོ·ནུའོ་ལི་སི།(དབྱིན་ཇི། སྐྱེས་པ། ལོ་26 འགྲན་འཁོར) 

     ལན་ཏུའོ·ནུའོ་ལི་སིར་2025ལོའི་འགྲན་དུས་ཀྱི་འཛམ་གླིང་གི་རིམ་པ་དང་པོའི་མཉམ་བྱའི་འགྲན་འཁོར་གྱི་ལེགས་སྐྱེས་འགྲན་བསྡུར(F1)སྐབས་ས་ཚིགས་བདུན་གྱི་ཨང་དང་པོ་དང་། ས་ཚིགས་བརྒྱད་ཀྱི་ཨང་གཉིས་པ། ས་ཚིགས་གསུམ་གྱི་ཨང་གསུམ་པ་བཅས་ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་སྟེ་ཧོ་ལན་གྱི་བདམས་ཐོན་པ་ཝེ་སི་ཐཱ་ཕན་གྱིས་འགྲན་དུས་བཞི་བསྟུད་མར་སྒེར་སྡེམ་བྱས་པའི་ཟིན་ཐོ་ལས་བརྒལ་ཡོད། འདི་ནི་2025ལོའི་ཟླ་12ཚེས་7ཉིན་མའེ་ཁའེ་ལུན་འགྲན་འཁོར་རུ་ཁག་གི་དབྱིན་ཇིའི་བདམས་ཐོན་པ་ནུའོ་ལི་སིས་འགྲན་བསྡུར་བྱེད་སྐབས་F1ཡི་བདམས་ཐོན་པའི་སྤྱིའི་ཨང་དང་པོ་ཐོག་མར་བླངས་པར་རྟེན་འབྲེལ་ཞུ་བཞིན་པ།

    ཁ་ལུའོ་སི·ཨར་ཁ་ལཱ་སི།(སི་ཕེན། སྐྱེས་པ། ལོ་22 དྲ་བའི་སྤོ་ལོ) 

    ཨར་ཁ་ལཱ་སི་2025ལོར་སྐྱེས་པའི་དྲ་བའི་སྤོ་ལོའི་རྐྱང་རྒྱག་གི་ཨང་དང་པོ་བརྩོན་ལེན་གྱི་མཐའ་བསྡུར་ནང་ཐེངས་གསུམ་ཚུད་ཡོད། ལོ་འཁོར་མོར་རྒྱལ་ཐེངས་71དང་ཕམ་ཐེངས་9ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་8བླངས་ཏེ་ལོ་འཁོར་གྱི་འཛམ་གླིང་གི་ཨང་དང་པོ་རག་ཡོད། འདི་ནི་2025ལོའི་ཟླ་9ཚེས་7ཉིན་ཨང་དང་པོ་ཐོབ་མཁན་སི་ཕེན་གྱི་བདམས་ཐོན་པ་ཨར་ཁ་ལཱ་སིས་2025ལོའི་ཨ་རིའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་གི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

    ཁྲེན་ཡུས་ཤིས།(ཀྲུང་གོ བུད་མེད། ལོ་20 ཆུ་མཆོང) 

     ཁྲེན་ཡུས་ཤིས་ཀྱིས་སིང་ཀ་ཕོར་གྱི་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་བུད་མེད་ཀྱི་མི་སྒེར་གྱི་མཆོང་སྟེགས་ཀྱི་སྨི་10དང་། མི་གཉིས་ཀྱི་མཆོང་སྟེགས་ཀྱི་སྨི་10 དེ་བཞིན་མཉམ་བསྲེས་ཚོགས་པ་བཅས་ཀྱི་གསེར་གྱི་རྟགས་མ་3བླངས་ཤིང་། མི་སྒེར་གྱི་མཆོང་སྟེགས་ཀྱི་སྨི་10ཡི་འགྲན་བསྡུར་ནང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐེངས་བཞི་བླངས་ནས་རྣམ་གྲངས་དེའི་ལོ་རྒྱུས་ཐོག་གྲུབ་འབྲས་དེ་ཐོབ་མཁན་གྱི་བདམས་ཐོན་པ་དང་པོར་གྱུར་ཡོད། འདི་ནི་2025ལོའི་ཟླ་7ཚེས་31ཉིན་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཁྲེན་ཡུས་ཤིས་ཀྱིས་2025ལོའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་ཆུ་མཆོང་གི་སྨི་10རིམ་པའི་མཆོང་སྟེགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོར་བྱ་དགའ་ལེན་བཞིན་པ།

    ཨོ་སེ་མན·ཏེང་པེ་ལའེ།(ཧྥ་རན་སེ། སྐྱེས་པ། ལོ་28 རྐང་རྩེད་སྤོ་ལོ) 

     ཏེང་པེ་ལའེ་ཡིས་2024ལོ་དང་2025ལོའི་འགྲན་དུས་ཀྱི་འགྲན་བསྡུར་ཁག་ནང་ཕ་རི་སིའི་ཧྲེང་རེ་ཨར་མན་རུ་ཁག་གི་རུ་མིའི་ངོས་ནས་སྤོ་ལོ་35བླུགས་ཏེ་སྤོ་ལོའི་རུ་ཁག་ལ་ཧྥ་རན་སེའི་རྐང་རྩེད་སྤོ་ལོའི་ཀ་པ་རིམ་པའི་རིམ་མཚུངས་མཉམ་འགྲན་དང་ཧྥ་རན་སེ་བུམ་པའི་ཨང་དང་པོ་དང་སྤོ་ལོའི་རུ་ཁག་ལ་ལོ་རྒྱུས་ཐོག་གི་ཡོ་རོབ་ཀྱི་ཨང་དང་པོའི་རིམ་མཚུངས་མཉམ་འགྲན་གྱི་བྱ་དགའི་བུམ་པ་དང་པོ་བླངས་པ་མ་ཟད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་སྐྱིད་སྡུག་གི་འཛམ་གླིང་བུམ་པའི་མཐའ་བསྡུར་ལའང་ཚུད་པ་རེད། འདི་ནི་2025ལོའི་ཟླ་9ཚེས་22ཉིན། སྐྱེས་པའི་རྐང་རྩེད་སྤོ་ལོའི་གསེར་གྱི་སྤོ་ལོའི་བྱ་དགའ་རག་མཁན་ཕ་རི་སིའི་ཧྲེང་རེ་ཨར་མན་རུ་ཁག་གི་རྒྱལ་ཁོངས་ཧྥ་རན་སེའི་སྤོ་ལོ་རྒྱག་མཁན་ཏེང་པེ་ལའེ་ཡིས་2025ལོའི་གསེར་གྱི་སྤོ་ལོའི་བྱ་དགའ་སྤྲོད་པའི་མཛད་སྒོར་བརྒྱབ་པའི་པར་ཡིན་པ།

    ཐཱ་ཏའེ་དབྱི·པོ་ཅ་ཁྲ།(སི་ལོ་ཝེ་ཉི་ཡ། སྐྱེས་པ། ལོ་27 རྐང་འཁོར) 

     པོ་ཅ་ཁྲ་ཡིས་2025ལོར་ཧྥ་རན་སེ་སྐོར་བའི་རྐང་འཁོར་འགྲན་བསྡུར་གྱི་བདམས་ཐོན་པའི་སྤྱིའི་ཨང་དང་པོའི་བྱ་དགའ་ཐེངས་བཞི་པ་དེ་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་ཨང་དང་པོ་ལྔ་པ་བསྟུད་མར་ཐོབ་པར་གོམ་པ་གང་ལས་མེད་པ་རེད། འདི་ནི་2025ལོའི་ཟླ་9ཚེས་28ཉིན་སི་ལོ་ཝེ་ཉི་ཡའི་བདམས་ཐོན་པ་ཐཱ་ཏའེ་དབྱི·པོ་ཅ་ཁྲ་ཡིས་2025ལོའི་གཞུང་ལམ་རྐང་འཁོར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་མཐའ་མའི་གདོང་མཆོང་བྱས་མཐར་སྐྱེས་པའི་ཕུལ་བྱུང་ཚོགས་ཆུང་གི་ཨང་དང་པོ་བླངས་པ།

    དབྱི་ལི་ཡཱ·མཱ་ལི་ཉིང་།(ཨ་རི། སྐྱེས་པ། ལོ་21 གར་སྟབས་འཁྱགས་ཤུད) 

     མཱ་ལི་ཉིང་གིས་2024ལོ་དང་2025ལོའི་འགྲན་དུས་ཀྱི་གར་སྟབས་འཁྱགས་ཤུད་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་སྐྱེས་པའི་མི་སྒེར་གྱི་འཁྱགས་ཤུད་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཡོད། ཁོང་གིས་སྐར་མ་238.24ཡི་ཐོག་ནས་རང་ཉིད་ཀྱིས་བཏོད་པའི་སྐྱེས་པའི་མི་སྒེར་གྱི་རང་མོས་འཁྱགས་ཤུད་ཀྱི་འཛམ་གླིང་ཟིན་ཐོ་ལས་བརྒལ་ཡོད། འདི་ནི་2025ལོའི་ཟླ་12ཚེས་6ཉིན་ཨ་རིའི་བདམས་ཐོན་པ་མཱ་ལི་ཉིང་གིས་2025ལོ་དང་2026ལོའི་འགྲན་དུས་ཀྱི་རྒྱལ་སྤྱིའི་འཁྱགས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་གར་སྟབས་འཁྱགས་ཤུད་བྱ་དགའ་ཆེན་པོའི་མཐའ་བསྡུར་གྱི་སྐྱེས་པའི་མི་སྒེར་གྱི་འཁྱགས་ཤུད་རང་མོས་འཁྱགས་ཤུད་འགྲན་བསྡུར་ཚར་རྗེས་ལྟད་མོ་བར་གུས་ལན་ཞུ་བཞིན་པ།

    ཞེ་དབྱི·ཅིར་ཅེ་སི·ཡཱ་ལི་ཧྲན་ཏ།(ཁ་ན་ཏ། སྐྱེས་པ། ལོ་27 ལན་ཆིའུ་སྤོ་ལོ) 

     ཡཱ་ལི་ཧྲན་ཏ་ཡིས་ཨེ་ཁོ་ལཱ་ཧོ་མཱ་གྲོང་ཁྱེར་ལེ་ཐིང་རུ་ཁག་ལ་2024ལོ་དང་2025ལོའི་འགྲན་དུས་ཀྱི་ཨ་རིའི་ཆེད་ལས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར(NBA)གྱི་ཨང་དང་པོ་ཐོབ་པར་རམ་འདེགས་བྱས་ཤིང་། ཁོང་ནི་འཆར་ཅན་འགྲན་བསྡུར་གྱི་སྐར་མ་ཐོབ་མང་ཤོས་དང་། རིན་ཐང་ཆེ་ཤོས་ལྡན་པའི་སྤོ་ལོ་རྒྱག་མཁན། ནུབ་རྒྱུད་མཐའ་བསྡུར་དང་སྤྱིའི་མཐའ་བསྡུར་གྱི་རིན་ཐང་ཆེ་ཤོས་ལྡན་པའི་སྤོ་ལོ་རྒྱག་མཁན་རེད། འདི་ནི་2025ལོའི་ཟླ་6ཚེས་22ཉིན། ཨེ་ཁོ་ལཱ་ཧོ་མཱ་གྲོང་ཁྱེར་ལེ་ཐིང་རུ་ཁག་གི་སྤོ་ལོ་རྒྱག་མཁན་ཅིར་ཅེ་སི·ཡཱ་ལི་ཧྲན་ཏ(མདུན་གྱི་དཀྱིལ)ལ་སྤྱིའི་མཐའ་བསྡུར་སྐབས་རིན་ཐང་ཆེ་ཤོས་ལྡན་པའི་སྤོ་ལོ་རྒྱག་མཁན(FMVP)ལ་བདམས་ཐོན་བྱུང་བའི་རྣམ་པ་ཡིན་པ།

    སཱ་མོའུ·མའེ་ཅིན་ཐོའུ་ཧྲི།(ཁ་ན་ཏ། བུད་མེད། ལོ་19 ཆུ་རྐྱལ) 

     མའེ་ཅིན་ཐོའུ་ཧྲི་ཡིས་2025ལོའི་ཟླ་6པར་ཁ་ན་ཏའི་འདེམས་སྒྲུག་འགྲན་བསྡུར་ནང་བུད་མེད་ཀྱི་སྨི་400ཡི་རང་མོས་ཆུ་རྐྱལ་དང་། སྨི་200ཡི་མི་སྒེར་གྱི་མཉམ་བསྲེས་ཆུ་རྐྱལ། སྨི་400ཡི་མི་སྒེར་གྱི་མཉམ་བསྲེས་ཆུ་རྐྱལ་བཅས་ཀྱི་འཛམ་གླིང་གི་ཟིན་ཐོ་ཁག་3བཏོད་ཡོད། འདི་ནི་2025ལོའི་ཟླ་7ཚེས་31ཉིན་ཨང་དང་པོ་ཐོབ་མཁན་ཁ་ན་ཏའི་བདམས་ཐོན་པ་མའེ་ཅིན་ཐོའུ་ཧྲི་ཡིས་2025ལོའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་ཆུ་རྐྱལ་སྨི་200ཡི་ཕྱེ་ལེབ་རྐྱལ་གྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

    ཧྥེ་སེ·ཅི་ཕུའུ་ཡེ་ཀྲེན། (ཁེན་ནི་ཡ། བུད་མེད། ལོ་31 མཆོང་རྒྱུག་འཕེན་གསུམ) 

     ཅི་ཕུའུ་ཡེ་ཀྲེན་གྱིས་ཐོ་ཁེའོ་ཡི་མཆོང་རྒྱུག་འཕེན་གསུམ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི་1500ཡི་མཐའ་བསྡུར་ནང་གཞན་དང་བར་ཐག་ཆེན་པོ་བཞག་སྟེ་གསེར་གྱི་རྟགས་མ་བླངས་ཡོད། འདི་ནི་2025ལོའི་ཟླ་9ཚེས་16ཉིན་ཁེན་ནི་ཡའི་བདམས་ཐོན་པ་ཅི་ཕུའུ་ཡེ་ཀྲེན་གྱིས་2025ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི་1500ཡི་ཨང་དང་པོ་བླངས་རྗེས་རྟེན་འབྲེལ་ཞུ་བཞིན་པ།

    ཨ་མན་ཏེ·ཏུའུ་ཕུའུ་ལན་ཏི་སེ།(སུའེ་ཏེན། སྐྱེས་པ། ལོ་26 མཆོང་རྒྱུག་འཕེན་གསུམ) 

    ཏུའུ་ཕུའུ་ལན་ཏི་སེས་2025ལོར་སྐྱེས་པའི་རྒྱུག་བཀན་མཐོ་མཆོང་གི་འཛམ་གླིང་གི་ཟིན་ཐོ་ཐེངས་བཞི་བཏོད་པ་དང་ཐོ་ཁེའོ་མཆོང་རྒྱུག་འཕེན་གསུམ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་འཛམ་གླིང་གི་ཟིན་ཐོ་སྨི་6.30བར་མཐོ་རུ་བཏང་བས། ཁོང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་འཁོར་གྱི་སྐྱེས་པའི་ལུས་རྩལ་པ་ཡག་ཤོས་ལ་བདམས་ཡོད། འདི་ནི་2025ལོའི་ཟླ་9ཚེས་15ཉིན་ཨང་དང་པོ་སུའེ་ཏེན་གྱི་བདམས་ཐོན་པ་ཏུའུ་ཕུའུ་ལན་ཏི་སེས་2025ལོའི་འཛམ་གླིང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་རྒྱུག་བཀན་མཐོ་མཆོང་གི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྟེན་འབྲེལ་ཞུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།