སྡོད་ཁང་གསར་པར་སྤོས། བདེ་སྐྱིད་འཚོ་བར་རོལ།

འདི་ནི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྡོད་ཁང་གསར་པའི་སྒོ་འགྲམ་དུ་མཉམ་པར་རྒྱག་བཞིན་པ།

འདི་ནི་ཚྭ་མཚོ་གྲོང་ཚོའི་སྡོད་ཁང་གསར་པ་ཡིན་པ།
ཉེ་དུས། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོས་གནས་འཕྲོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསར་གྱི་སྡོད་ཁང་གསར་པར་སྤོ་བའི་མཛད་སྒོ་འཚོགས་པ་རེད། ད་ཐེངས་ཀྱི་ཚྭ་མཚོ་གྲོང་ཚོའི་སྡོད་ཁང་གསར་པ་འཛུགས་སྐྲུན་ནི་ས་ཁུལ་རིམ་པའི་ཞིང་པའི་ཁང་པ་དང་གྲོང་སྡེ་འཛུགས་སྐྲུན་དེང་རབས་ཅན་གྱི་ཚོད་ལྟའི་རྣམ་གྲངས་ཤིག་ཡིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་བའི་ནང་ས་ཁུལ་ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ་དང་། རྫོང་རིམ་པའི་ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ། གྲོང་གསེབ་དར་རྒྱས་ཀྱི་མ་དངུལ། ཀྲུང་གོ་སྒུལ་འཕྲིན་གྱི་བོད་སྐྱོར་མ་དངུལ། མང་ཚོགས་ཀྱི་རང་གྲབས་མ་དངུལ་བཅས་ཚུད་ཡོད། རྣམ་གྲངས་དེར་ཞིང་པའི་ཁང་པ་ཁྱོན་142བརྒྱབ་པའི་ནང་རྒྱ་ཁྱོན་ལ་སྨི་ངོས་གྲུ་75དང་། 85 95 110 120བཅས་ཀྱི་ཁང་པ་བཟོ་ལྟ་ལྔ་ཡོད་པ་མ་ཟད། ཁང་ཕྱིའི་ཆུ་འདོན་ཆུ་འབུད་དང་། གློག་ཤུགས། ཨར་འདམ་ལམ། སྤྱི་པའི་གསང་སྤྱོད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།